དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲིའི་བོད་ཕག་གི་ཤ་ཤང་ཀང་ལ་ཐེངས་དང་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-15

    ཉིན་ཤས་གོང་། ཁག་དང་པོའི་ཉིང་ཁྲིའི་འཁྱགས་བཏང་བའི་བོད་ཕག་གི་ཤ་སྤྱི་རྒྱ་95ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ཉིང་ཁྲིའི་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་ཚད་ལོན་རྗེས། ཧྲེན་ཀྲེན་ཝུན་ཅིན་གྲུ་ཁ་ནས་ཕྱིར་གཏོང་བྱས་པ་བརྒྱུད་ཤང་ཀང་དུ་བདེ་བླག་ངང་འབྱོར་ཡོད། དེ་ནི་ཨའོ་མོན་གྱི་ཁྲོམ་ར་གསར་འབྱེད་ལེགས་གྲུབ་བྱུང་རྗེས་ཉིང་ཁྲིའི་བོད་ཕག་ཐོན་ལས་ལ་ཁྲོམ་ར་རྒྱ་སྐྱེད་གཏོང་རིང་སླར་ཡང་ཚད་བརྒལ་བྱུང་བ་ཞིག་རེད།

    བོད་ཕག་ནི་ས་བབ་མཐོ་བ་དང་གདོད་མའི་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེ་འཚར་བྱུང་ཞིང་། ཤ་སྤུས་དག་ལ་བྲོ་བ་ལེགས་པའི་བོད་ཕག་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་བྱེད་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཤིག་རེད། ས་མཐོའི་ཁྱད་ལྡན་ཐོན་རྫས་དེ“ཕྱིར་གཏོང”བྱེད་པར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང་། ཁེ་ལས་ཀྱི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་པ་དང་། ཁེ་ལས་ཀྱིས་སྤུས་ཚད་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་པ།“ཕག་གསོ་ར་བ་ནས་འགག་སྒོ་བར”གྱི་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་ཏེ་ས་མཐོའི་སྐྱེ་ཁམས་ཐོན་རྫས་སྤུས་ཀ་དག་པོ་ཡོང་བའི་འགན་ལེན་བྱས་ཡོད།

    བོད་ཕག་ཚོང་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་ཆབས་ཅིག གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཐོན་རྫས་སྤུས་ལེགས་དེ་རི་ཁུག་ནས་རྒྱལ་སྤྱིར་བྲིན་ཚོང་བྱེད་འགོ་བཙུགས་པ་དང་ཆབས་ཅིག ས་གནས་དེ་གའི་ཡུལ་མིའི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་དང་འབབ་འཕར་ཐབས་ལམ་ཇེ་ཆེར་ཕྱིན་ཡོད། བོད་ལྗོངས་ཝུའུ་ཧྥེང་ཡོན་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས། 2025ལོའི་ལོ་མཇུག་ཏུ་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པའི་བོད་ཕག་གསོ་ཚགས་ར་བ་ཕྱིར་གཏོང་ཐོ་འགོད་བྱས་ཚུན། འཁྱགས་བཏང་བའི་བོད་ཕག་གི་ཤ་སྤྱི་རྒྱ་700ཙམ་ཕྱིར་གཏོང་བྱས་པ་དང་སྦྲགས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཡང་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། ད་ཆ་ས་གནས་དེ་གའི་ཡུལ་མི་དེ་བས་མང་བ་ལས་ཀར་བསྡུས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།