དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འགག་སྒོས“ཧྥེང་ཆའོ་ཉམས་མྱོང”གི་ལས་དོན་ས་ཚིགས་དང“ཁྲིམས་ལུགས་ཁྱབ་གདལ་གྱི་སྣེ་ཁྲིད་པའི”ལམ་སྲོལ་ལག་ལེན་བསྟར་བར་ཕན་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-15

    ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “ཁྲིམས་ལུགས་ཁྱབ་གདལ་གྱི་སྣེ་ཁྲིད་པའི”ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ་དེ་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་མཉམ་འདྲེས་གཏིང་ཟབ་བྱེད་པ། འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་དང་འགལ་བ་འབྱུང་རྩ་ནས་སྔོན་འགོག་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འགག་སྒོ་ལས་ཁུངས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་དང་། ཁེ་ལས་ལ་སྟབས་བདེ་སྐྲུན་པ། དམངས་ལ་ཕན་འདོགས་པ་བཅས་ཀྱི་ཐབས་ལམ་གསར་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་ལས་སྒོ་སྤེལ་ཡུལ་གཙོ་བོར་དངོས་ཚན་ཅན་གྱི“ཧྥེང་ཆའོ་ཉམས་མྱོང”ལས་དོན་ས་ཚིགས་10བཙུགས་ནས་ཆེད་ལས་བློ་འདྲི་དང་། སྲིད་ཇུས་སྒྲོག་འགྲེལ། རྩོད་གཞི་འདུམ་འགྲིག ལུགས་མཐུན་མཛུབ་ཁྲིད་སོགས་ཀྱི་འགན་ནུས་གཅིག་འདུས་བྱས་ཡོད། ལས་དོན་ས་ཚིགས་ཚང་མར་ལས་སྒོའི་རྐང་འཛིན་དང་བཅའ་ཁྲིམས་རིགས་གཅིག་མཁས་ཅན་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཚོགས་པ་བཀོད་སྒྲིག་བྱས་ཏེ། “དུས་བཀག་ལས་རེས་དང་སྔོན་མངགས་ཞབས་ཞུའི”རྣམ་པ་ལག་བསྟར་བྱས་ཡོད། 2025ལོར་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱས་པ་ནས་བཟུང་ལས་དོན་ས་ཚིགས་ཁག་གིས་རིམ་རྩིས་བརྒྱབ་ན་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་། རྒྱལ་མཚམས་འཛུལ་སྒྲོལ་ཡུལ་སྐོར་བ། མཐའ་མཚམས་ཡུལ་མི་སོགས་ཀྱི་བློ་འདྲི་ཐེངས་སྟོང་ཕྲག་ལྷག་ཙམ་དང་ལེན་བྱས་ཤིང་། འགག་སྒྲོལ་རེ་ཞུ་དང་། ཞིབ་བཤེར་དང་རིམས་ནད་ཞིབ་བཤེར། ཁྲལ་བསྡུ་དོ་དམ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་མི་མངོན་པའི་རྩོད་གཞི་ཁག་220ལྷག་ཙམ་སྔོན་ལ་ཐག་གཅོད་བྱས་པ་དང་། ཆ་སྙོམས་ཐག་གཅོད་དུས་ཡུན་སྔོན་ཆད་ལས་50%ལྷག་ཙམ་ཐུང་དུ་ཕྱིན་ནས“དོན་ཆུང་ས་ཚིགས་ནས་ཐག་གཅོད་ཐུབ་པ་དང་འགལ་བ་གོང་ཞུ་བྱེད་མི་དགོས་པ”བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།