དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས།

    མྱང་གཞུང་སྲན་མའི་ཕིང་ནེ་པ་ལར་ཕྱིར་གཏོང་ཐོག་མར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-15

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་མྱང་གཞུང་སྲན་མའི་ཕིང་བླུགས་པའི་ཟོག་འདྲེན་རླངས་འཁོར་ཐོན་སྐྱེད་རྟེན་གཞི་ནས་ཐོན་ཏེ་ནེ་པ་ལའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་རེད། དེ་ནི་རྣམ་གླིང་རྫོང་གི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་གཏོང་ཐེངས་ཐོག་མ་ཡིན་པ་དེ་ཐོག་ནས་མྱང་གཞུང་སྲན་མའི་ཕིང་ཕྱིར་གཏོང་བྱེད་འགོ་ཚུགས་པ་མཚོན་ཡོད་པ་རེད།

    ད་ཕན་ལོ་ཤས་རིང་། རྣམ་གླིང་རྫོང་གིས་ས་གནས་དེ་གའི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་རིམ་སྤོར་དང་ཁྲོམ་ར་རྒྱ་ཆེར་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི་བྱ་དགའ་དང་ཁྲལ་བསྡུའི་གཟིགས་སྐྱོང་སོགས་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་སྣོན་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་མཐོངས་བརྩོན་ལེན་བྱས་ཡོད། དེ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་གྱིས“ཆེད་མིས་འབྲེལ་མཐུད་དང་བརྒྱུད་རིམ་ཧྲིལ་པོའི་ཚབ་གཉེར”གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་ཁེ་ལས་ལ་ཐོན་སྐྱེད་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱིར་གཏོང་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བར་གཞོགས་འདེགས་བྱས་ཡོད་ལ། ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་དང་ཟོག་འགྲེམས་སྐྱེལ་འདྲེན་སོགས་ཀྱི་འགག་རྩའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ། ས་གནས་ཀྱི་ཐོན་རྫས་བདེ་བླག་ངང་ཕྱིར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།