འཐུས་མི་མཱ་ཧྥུའུ་ཁྲང་གིས་གསུངས་དོན།
སྨན་བཅོས་ཀྱི་ཐོན་ཁུངས་ཀུན་ཕན་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་དགོས།
བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར། རང་རྒྱལ་གྱི་རྒྱལ་བབ་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ལག་ལེན་བསྟར་དགོས།
རང་རྒྱལ་དུ་མི་འབོར་མང་བ་དང་། གཅོང་ནད་དང་སྐྲན་ནད་ཀྱི་ཁུར་པོ་ལྕི་བ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པ། གྲོང་ཁྱེར་དང་གྲོང་གསེབ་དབར་དང་ས་ཁུལ་མི་འདྲ་བའི་དབར་གྱི་སྨན་བཅོས་ཐོན་ཁུངས་ཀྱི་ཧེ་བག་ཆེ་བ་བཅས་ཡོད། རྒན་རྒོན་མང་དུ་འགྲོ་ཚད་མགྱོགས་པ་དང་བུ་བཙའ་ལེགས་གཏོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག“རྒན་གཅིག་གཞོན་གཅིག”དང་དེ་བཞིན་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་གི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱེད་དགོས་ཤིང་། ས་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་ཀྱི་ཐོན་ཁུངས་ཀུན་ཕན་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། འབྲེལ་ཡོད་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དང་སྨན་ཁབ་རྒྱག་པའི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས་ས་མཐོའི་ས་ཁུལ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱེད་དགོས།
ནུབ་རྒྱུད་ས་ཁུལ་གྱི་གཞི་རིམ་གྱི་འཕྲོད་བསྟེན་སྨན་བཅོས་མ་ལག་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་པའི་སྒུལ་ནུས་འཕེལ་བར་བྱེད་དགོས་ཤིང་། སྲིད་ཇུས་གཏན་འབེབས་དང་ཚད་གཞི་བཟོ་བ་སོགས་ཀྱི་ཐད་ཤར་ནུབ་རྒྱུད་ཀྱི་ས་ཁུལ་ལ་ཁྱད་པར་ཡོད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། ནུབ་རྒྱུད་ས་ཁུལ་གྱི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་དུ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་ཁྱབ་ཚད་དང་སྟབས་བདེ་རུ་འགྲོ་ཚད་མཐོ་རུ་གཏོང་དགོས།
སྨན་བཅོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྨན་བཅོས་ཐོན་ཁུངས་དོ་སྙོམས་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་དེང་རབས་ཅན་ལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམས་ནད་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་། བབ་བསྟུན་ཐག་གཅོད། རིམས་ནད་རིག་པའི་བརྟག་དཔྱད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།