དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ཚུའེ་ཧའེ་དབྱང་གིས་གསུངས་དོན།

    མི་རིགས་མཐུན་སྒྲིལ་གྱི་རྣམ་པ་སྡེ་ཁུལ་གྱི་འཚོ་བའི་གང་སར་མངོན་བཞིན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། དབྱི་ཧྲུའུ་རན། མོང་སི་ཆི། ཀྲེང་ཀྲི་ཝུན།   |     སྤེལ་དུས།  2026-03-14

    མི་རིགས་ཀྱི་རིག་གནས་ཞིབ་འཇུག་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀུའེ་ཀྲོའུ་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་བཅས་ཡིན་པའི་ཚུའེ་ཧའེ་དབྱང་གིས་རྒྱུན་དུ་མི་རིགས་ས་ཁུལ་ལ་བརྟག་ཞིབ་གནང་བར་ཕེབས་ཀྱི་ཡོད། ཁོང་ལ་བག་ཆགས་ཟབ་ཤོས་བཞག་པ་ནི་པུའུ་དབྱི་རིགས་ཀྱི་ཨ་ཅག་དབྱང་ཧྲུའེ་ཤིང་ཡིན་པ་རེད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། དབྱང་ཧྲུའེ་ཤིང་ཀུའེ་ཀྲོའུ་ཕིང་ཐང་རྫོང་ཐན་ཝུན་གྲོང་རྡལ་ཆུང་ངུའི་བཀོད་སྒྲིག་སྡེ་ཁུལ་དུ་སྤོས་ཤིང་། སྡེ་ཁུལ་དུ་རྒྱ་རིགས་དང་། མེའོ་རིགས། པུའུ་དབྱི་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་འཛོམས་བྱས་ཡོད། དབྱང་ཧྲུའེ་ཤིང་གིས་སྤྱི་སྐད་ཤེས་པ་མ་ཟད། ད་དུང་དཀྲོལ་གཏོང་བརྒྱུད་པུའུ་དབྱི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་བྱས་པར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    སྒར་རེས་རྣམ་པའི་སྡེ་ཁུལ་འདི་ལྟ་བུར་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཟ་ཁང་ནང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་མི་རིགས་ལག་ཤེས་བཟོ་ཁང་དུ་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡོད། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་དེ་སྡེ་ཁུལ་ཚང་མའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།