ཨུ་ཡོན་ཤུས་ཁེ་ཝེ་ཡིས་གསུངས་དོན།
“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”ནས“ངོགས་གཉིས་ཁྱིམ་ཚང་གཅིག་ཏུ་འགྱུར་བར”བྱེད་དགོས།
“སྐམ་ས་ཆེ་མོར་འབད་བརྩོན་བྱས་ཚེ་འབྲས་བུ་ཐོབ་ངེས་རེད” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཐའེ་དབན་མནའ་འབྲེལ་ཀྲུང་དབྱང་གི་རྒྱུན་ཨུ། ཀོང་ཏུང་ཞིང་ཆེན་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ཤུས་ཁེ་ཝེ་ནི་མེས་རྒྱལ་གྱི་སྐམ་ས་ཆེ་མོར་གཞིས་ཆགས་པའི་སྤུན་ཟླ་ཐའེ་དབན་བའི་མི་རབས་གསུམ་པ་ཡིན་ལ་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཀྱང་ཡིན་ཞིང་། ལོ་ལྟར་ས་གནས་ཁག་ཏུ་བསྐྱོད་ནས་གཤགས་བཅོས་དང་། ལྷན་འཛོམས་ནད་དཔྱད། སློབ་ཁྲིད་བཅས་བྱེད་ཀྱི་ཡོད་པས་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་གཏོད། གཞིས་ཆགས་བཅས་བྱེད་པར་འོང་བའི་ཐའེ་དབན་གྱི་གཞོན་ནུ་མང་པོ་ཞིག་དང་འཕྲད་ཀྱི་ཡོད། ཁོང་ཚོའི་གྲས་སུ་ཐའེ་དབན་ནས་ཀོང་ཏུང་ཀོང་ཀྲོའུ་རུ་ཡོང་ནས་གསོ་བ་རིག་པ་སྦྱངས་ཏེ་འབུམ་རམས་པ་མཐར་ཕྱིན་རྗེས་ཚན་ཁག་གི་རྐང་འཛིན་པར་གྱུར་པ་ཡོད་ལ། ཀོང་ཏུང་ཀྲུང་ཧྲན་དུ་བཟོ་སྐྲུན་ལས་རིགས་ལ་འབད་ནས་ཁྱིམ་ཆས་ཁེ་ལས་ཀྱི་ལས་ཚབ་ནས་སྤུས་རྟགས་སུ་གྱུར་ཏེ་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་མཁན་ཡང་ཡོད།
ཤུས་ཁེ་ཝེ་ཡིས་ངོགས་གཉིས་ཀྱི་གཞོན་ནུ་ཚོས་རྒྱུན་དུ་འགྲོ་འོང་དང་གཉིས་མོས་མཉམ་འབད་བྱས་ཚེ་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་རེད་ཅེས་གསུངས་པ་དང་། ཡང་ཁོང་གིས“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”ནས“ངོགས་གཉིས་ཁྱིམ་ཚང་གཅིག་ཏུ་འགྱུར་བར”བྱས་ཏེ་ལག་གདང་སྦྲེལ་ནས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས”ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།