དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བོད་ཀྱི་འཐུས་མི་ཚོགས་པས་གསུངས་དོན།

    རིག་གནས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་གྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ལུང་དབྱི།   |     སྤེལ་དུས།  2026-03-13

    མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་སྐྱོད་སྐབས། རྔམ་བརྗིད་དོད་པའི་ལྡེབས་རིས་ཆེན་པོ《བཀྲ་ཤིས་བདེ་ལེགས》ཞེས་པ་འདྲེན་བྱེད་ཡུལ་དུ་འཆར་འོང་། བོད་ཀྱི་འཐུས་མི་ཚོགས་པའི་སྒོ་དབྱེའི་ཉིན་མོའི་ས་ཡུལ་དངོས་ནས་འཐུས་མི་ཚོས་དྲོ་སྐྱིད་ཚོར་བའི་བགྲོ་གླེང་འཁྲུག་པོ་ཞིག་གནང་བ་རེད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་པ་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་ལྷོ་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྐོར་ཞིབ་ཕྲ་གླེང་གནང་ཞིང་། ཁོང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷོ་པ་རིགས་ཀྱི་རྒྱན་གོས་ལ་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་དང་། གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་བ། ཁྲིད་སྦྱོང་རྟེན་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྷོ་པ་རིགས་ཀྱི་སྐད་ཡིག་དང་། ལག་རྩལ། ཡུལ་མིའི་སྡོད་ཁང་བཅས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་དགོས་ཚུལ་གསུངས་པ་རེད།

    “ང་ཚོས་རིག་གནས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྣང་ཆེན་བྱས་ཏེ། ལྷོ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས”ཞེས་བཀྲ་ཤིས་རྒྱལ་མཚན་གྱིས་སྤོབས་པ་ཆེན་པོས་ངོ་སྤྲོད་གནང་བ་དང་། ཁོང་གིས“2025ལོར་ང་ཚོ་སྡོད་སའི་མདོ་ཡུལ་ཤང་གི་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.3ལྷག་ཙམ་ཟིན་ཡོད”ཅེས་གསུངས་པ་རེད།

    བཀྲ་ཤིས་རྒྱལ་མཚན་གྱིས“ལྷོ་པ་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།