དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དཔྱིད་རླུང་ཁྲོད་དུ་རྒྱང་ལམ་གསར་པར་སྐྱོད། སེམས་མཐུན་ཡར་བརྩོན་མཛེས་སྡུག་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-13

    འདི་ནི་ཟླ་3ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། འདི་ནི་མི་དམངས་ཚོགས་ཁང་ཆེ་མོའི་ཕྱི་རོལ་གྱི་རྣམ་པ་ཡིན་པ།

    འདི་ནི་ཟླ་3ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། འདི་ནི་མཇུག་འགྲིལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་དོན་གྲུབ་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞན་དང་མཉམ་པར་སྐྱོན་བཞིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མས་གསར་འགོད་པར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུ་བཞིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་མཉམ་པར་སྐྱོན་བཞིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲོལ་དཀར་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མཉམ་དུ་ཚོགས་རར་ཕེབས་བཞིན་པ།

    ཟླ་3ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི“ཨུ་ཡོན་བགྲོད་ལམ”གྱི་མཉམ་སྡེབ་བཅར་འདྲིའི་བྱེད་སྒོ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་སྤེལ་ཞིང་། འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།

    འདི་ནི་ཟླ་3ཚེས་7ཉིན། བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོ་ཁོངས་གཏོགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།

    ཟླ་3ཚེས་11ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཞིང་། བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་28རྒྱལ་ཡོངས་ལས་རིགས་ཁག་གི་ཨུ་ཡོན་དང་མཉམ་དུ་མཇུག་འགྲིལ་ཚོགས་འདུར་ཞུགས་ནས། དུས་རབས་ཀྱི་དུང་བརྡ་དྲག་པོའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་འགན་སྒྲུབ་ལག་ལེན་ཁྲོད་རྒྱང་ལམ་གསར་པ་འགོ་བརྩམས་པ་རེད།

    ཨུ་ཡོན་རྣམ་པས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བ་སོགས་གནད་དོན་གལ་ཆེན་ལ་དམིགས་ནས་ཐབས་འདོན་ཇུས་འདོན་གནང་ཞིང་། གཞི་རིམ་སྨན་བཅོས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བར་དང་། དམངས་གཉེར་དཔལ་འབྱོར་ནས་གྲོང་གསེབ་དར་རྒྱས་བར་གྱི་མཐའ་མཚམས་འཕེལ་རྒྱས་སྐོར་གྱི་བསམ་ཚུལ་ཚོགས་རར་བརྗོད་དེ། མང་ཚོགས་ཀྱི་རེ་འདུན་གྲོས་གཞིའི་ནང་བྲིས་པ་རེད།

    དཔྱིད་རླུང་ཁྲོད་དུ་རྒྱང་ལམ་གསར་པར་སྐྱོད། སེམས་མཐུན་ཡར་བརྩོན་མཛེས་སྡུག་འབྱུང་འགྱུར་ཕྱོགས། ཨུ་ཡོན་རྣམ་པས། ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བྱས་ནས་ཚོགས་འདུའི་ཐོག་བྱུང་བའི་ཐུན་མོང་གི་ངོས་འཛིན་དག་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་དང་། མང་ཚོགས་ཀྱི་རེ་སྒུག་དག་དངོས་སྒྲུབ་བྱ་སྤྱོད་ལ་བསྒྱུར་ནས། དམ་འཛིན་དངོས་སྒྲུབ་དང་འགན་འཁུར་ལས་སྒྲུབ་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་དུས་རབས་གསར་པར་དམངས་ཆེད་འགན་འཁྲི་སྒྲུབ་པའི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།