ཡུན་ནན་གྱི་འཐུས་མི་ཚོགས་པས་གསུངས་དོན།
“ཀུ་ཤུ་སྣ་ཁ་གསར་པ་གཉིས”ལས་སྐྱིད་པའི་འཚོ་བ་མངོན་པ།
“དཔྱིད་གསར་དུས་ཆེན་གྱི་རིང་། གྲོང་ཚོར་རླངས་འཁོར་གྱིས་ཁེངས་འདུག”ཅེས་ཡུན་ནན་གྱི་འཐུས་མི་ཚོགས་པའི་སྒོ་དབྱེའི་ཉིན་མོར་འཐུས་མི་ཡུས་ཝུའུ་ལིན་གྱིས་གསུངས་པ་རེད།
འཐུས་མི་ཡུས་ཝུའུ་ལིན་ནི་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ཧྥུའུ་ཀུང་རྫོང་ཕི་ཧོ་ནུའུ་རིགས་ཤང་ལའོ་མུའུ་ཏེང་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང“མགྲོན་ཁང་150”ཡི་སྦྱིན་བདག་ཡིན་ཞིང་། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་ཁོང་གིས“ཁེ་སྤོགས་སྒོར་ཁྲི་བཞི་བཅུ་ལྔ་བཅུ་རག་བྱུང”ཞེས་དྲང་པོར་གསུངས་པའི་དབང་གིས་སྨྱན་སྦྱོར་གྱིས་དོ་ཁུར་བྱས་ལ། “ཧྥུའུ་ཀུང་རྫོང་དང་ལན་ཕིང་རྫོང་དབར་གྱི་གཞུང་ལམ་སྐྲུན་དགོས”ཞེས་པའི་འབོད་སྐུལ་ཡང་ཡང་གནང་བས། ཚང་མར་བག་ཆགས་ཟབ་མོའང་བཞག་ཡོད།
ལོ་གཅིག་སོང་རྗེས། འཐུས་མི་ཡུས་ཝུའུ་ལིན་ཕྱུག་འགྱུར་གྱི་སྣེ་འཁྲིད་པར་གྱུར་པ་དང་། ཁོང་གི་སྣེ་ཁྲིད་འོག་ལའོ་མུའུ་ཏེང་སྲོལ་རྒྱུན་རིག་གནས་ཕན་བདེའི་ཡུལ་སྐོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ལའོ་མུའུ་ཏེང་གྲོང་ཚོའི་དམངས་སྲོལ་གནས་ཚང་བཞི་བཅུ་ལྔ་བཅུའི་བར་མང་དུ་སོང་ནའང་། ཁོང་གི་ལོའི་ཡོང་འབབ་སྔར་བཞིན་སྒོར་ཁྲི་བཞི་བཅུ་ལྔ་བཅུ་ཡིན་པའི་ཁར། ཡུལ་མི་ཚོ་མངོན་མིན་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད།
གྲོང་ཚོའི་ནང་རླངས་འཁོར་མང་དུ་ཕྱིན་པར་དགའ་ཚོར་བྱེད་མཁན་གྲས་སུ་ད་དུང་ཉིང་ལང་ཧེང་ཐའེ་ཞིང་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་འཐུས་མི་ལུའུ་ཆོན་ཡོད་ཅིང་། ལོ་གཉིས་ཀྱི་རིང་ཀུ་ཤུ་ཁྲོམ་རར་འདོན་སྐབས་གྲོང་ཚོའི་ནང་རླངས་འཁོར་འཚང་ཁ་ཆེན་པོ་ཡོད་པ་རེད།
ཉིང་ལང་དབྱིས་རིགས་རང་སྐྱོང་རྫོང་ནི་ལེང་ཧྲན་ཆུང་བའི་མཐིལ་དུ་གནས་པ་དང་། ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་བའི་ཐད་ཡུལ་ལུང་དེའི་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བྱུང་མྱོང་ཡོད།
འཐུས་མི་ལུའུ་ཆོན་གྱི་ཐབས་ལམ་ནི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། སྒོ་དབྱེའི་ཉིན་མོའི་ས་ཡུལ་དངོས་སུ་འཐུས་མི་ལུའུ་ཆོན་གྱིས“འདི་དག་ཚང་མ་ཀུ་ཤུའི་ཤིང་སོན་རྙིང་པ་ནས་འདེམས་གསོ་བྱས་པའི་སྣ་ཁ་གསར་པ་ཤ་སྟག་ཡིན་པས། གཅིག་ནི་ཀུ་ཤུ་དམར་པོ་ཡིན་ལ་དེས་ཐོན་ལས་དར་རྒྱས་འགྲོ་ངེས་ཡིན་པ་མཚོན་པ་དང་། གཅིག་ཤོས་ནི་ཤད་རིས་ཅན་གྱི་ཀུ་ཤུ་ཡིན་པས་མ་འོངས་པའི་ལམ་ཐག་ད་དུང་རིང་པོ་ཡོད་པ་མཚོན་གྱི་ཡོད”ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།