དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་གྱི་འཐུས་མི་ཚོགས་པས་གསུངས་དོན།

    “ཆུ་ཕོར་པ་གཉིས”ལས་ལྗང་མདོག་འཕེལ་རྒྱས་འགྲོ་ཚུལ་ལ་དཔང་པོ་བྱེད་ཀྱི་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ལིན་ཝུའེ། ཝང་མིང་ཧྥུང་།   |     སྤེལ་དུས།  2026-03-13

    རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པའི་དཔེ་དབྱིབས་དང་། མཁའ་འགྲུལ་ཧ་ཡང་རྒྱུ་ཆས་བཟོས་པའི་ཀོ་ཕིག“ནེ་ཀྲ”ཡི་དཔེ་དབྱིབས། སི་ཁྲོན་གྱི་ཁྱད་ལྡན་རྫ་ཆས་དང་། ཐགས་དྲུབས། འཚེམ་དྲུབ་སོགས་འགྲེམས་སྟོན་བྱས་པའི་སི་ཁྲོན་འཐུས་མི་ཚོགས་པའི་སྒོ་དབྱེའི་ཉིན་མོའི་འགྲེམས་ཁུལ་ཆུང་ཆུང་ཞིག་གིས་གསར་འགོད་པ་མི་ཉུང་བའི་ཡིད་དབང་བཀུགས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་ཏ་ཀྲོའུ་གྲོང་ཁྱེར་ཤོན་ཧན་རྫོང་ལུང་ཆོན་ཧོར་རིགས་ཤང་ཧོང་ལེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་འཐུས་མི་ཧུའུ་ཞའོ་ལིང་གིས“ཆུ་ཕོར་པ་གཉིས”ཀྱི་གཏམ་རྒྱུད་གསུངས་པ་སྟེ། “ཧོང་ལེན་གྱི་ཆུ་ཕོར་པ་གང་དང་སྦྲང་རྩི་ཕོར་པ་གང་བཀྱག་ པ་ནི་ང་ཚོ་ཧོང་ལེན་གྲོང་ཚོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གུས་ལུགས་དམིགས་བསལ་ཞིག་རེད། དེའི་མཚོན་དོན་ནི་སྔར་སོང་གི་དཀའ་སྡུག་མ་བརྗེད་པར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པ་བསྟན་གྱི་ཡོད”ཅེས་གསུངས།

    སྔོན་ཆད་ཀྱི་དཀའ་སྡུག་སྐོར་གླེང་ཚེ། ཧོང་ལེན་གྲོང་ཚོའི་ཡུལ་མི་ཚོར་མྱོང་བ་ཟབ་མོ་ལྡན་པ་སྟེ། 2013ལོའི་གོང་དུ་གྲོང་ཚོར་གཞུང་ལམ་མེད་ལ། ཁ་པར་གྱི་བརྡ་རྟགས་མེད་པ་དང་ཆུ་ཀ་ལ་ཡང་ཁྲིད་མེད། འོན་ཏེ་ད་ཆ་སྦྲང་རྩི་ལས་མངར་བའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཡུལ་མི་ཚོས་བསྔགས་བརྗོད་ཡང་ཡང་བྱེད་ཅིང་། ལོ་འདི་དག་རིང་། ཧོང་ལེན་གྲོང་ཚོར་སྤྱི་ལེ་30ལྷག་ཙམ་གྱི་གཞུང་ལམ་བསྐྲུན་ཡོད་པ་དང་། འཕྲིན་གཏོང་དྲ་རྒྱ་གྲོང་ཚོ་ཡོངས་ལ་ཁྱབ་ཡོད། ཧོང་ལེན་དང་རུ་ཏ་སོགས་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་འཕེལ་རྒྱས་གཏོང་ཞོར་སྨན་རྒྱུའི་སྦྲང་རྩི་འཕེལ་རྒྱས་བཏང་བས། ཡུལ་མི་ཚོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ནས་3བར་བྱུང་ཡོད།

    དཀའ་སྡུག་བདེ་སྐྱིད་ལ་གྱུར་བའི་ཐབས་མཆོག་གང་ཡིན་པའི་ཐད། འཐུས་མི་ཧུའུ་ཞའོ་ལིང་གིས“སྐྱེ་ཁམས་སྔོན་ལ་འཇོག་དགོས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་ཧོང་ལེན་གྲོང་ཚོའི་རི་སྔོན་ཆུ་དྭངས་དེ་གསེར་རི་དངུལ་རིར་དངོས་འབྲེལ་འགྱུར་བར་བྱེད་དགོས”ཞེས་བློ་ཐག་ཆོད་པོས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།