འཐུས་མི་ཝང་ཧྭ་ཅེ་ཡིས་གསུངས་དོན།
ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་དུས་འཁོར་ཧྲིལ་པོའི་ཞབས་འདེགས་ཞུ་དགོས།
མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་རེད། མཚོ་ཤར་ནི་ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས་ཀྱི་ལྟེ་བའི་མཚམས་ཚིགས་དང་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཤར་སྒོ་ཆེ་མོ་ཡིན་པས། མིག་སྔར་རིག་རྩིས་དང་ཚད་རྩིས་སྲོག་ཤིང་དུ་བྱས་པའི་ཁྱུ་ཚོགས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། ལྗང་མདོག་རྩིས་ནུས་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་སོགས་ཀྱི་ཐོན་ལས་འཁོར་འབྲེལ་ཆགས་ཤིང་། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་རྒྱ་ཆེ་བའི་མཉམ་ལས་བར་མཐོངས་མཁོ་འདོན་དང་མ་དངུལ་བཞག་པའི་ཁེ་སྤོགས་བརྟན་དུ་བཏང་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་ཐུབ་པར་འགན་སྲུང་བྱས་ཏེ། ནུས་ཁུངས་ཟད་གྲོན་གྱི་དམིགས་ཚད་དང་། འབྱུང་འཕྲོད་གློག་ཤུགས་མཁོ་འདོན། མ་དངུལ་བསྡུ་རྒྱུག་ལ་རྒྱབ་སྐྱོར་སོགས་ཀྱི་ཐད་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་སྐྲུན་གྱི་ཡིན།
འབྲེལ་ཡོད་གསར་འགྱུར།