དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

    ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར།

    རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་དང་། འཆར་ཟིན་དེ་གསུམ་གྱི་བརྡས་ཐག་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བཅས་ཡིན་པའི་ལིའུ་ཆི་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ་བཅས་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྙན་སེང་གསན་པ་དང་། སྙན་སྒྲོན་དེ་གསུམ་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་ཁག་སོ་སོར་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག ཚོགས་ཆེན་དྲུང་ཡིག་ཁྲུའི་ཁྲིམས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་གནང་བའི་བཅའ་ཁྲིམས་ལེགས་བཅོས་ལས་དོན་སྤེལ་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་འཆར་ལ་ཐག་གཅོད་བྱ་རྒྱུའི་བསམ་འཆར་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག་གོང་གསལ་གྱི་བཟོ་བཅོས་བསམ་འཆར་གྱི་སྙན་སྒྲོན་དང་དེ་བཞིན་འཆར་ཟིན་གྱི་བརྡས་ཐག་མ་ཟིན་དང་། གྲོས་ཆོད་འཆར་ཟིན། གཏན་འབེབས་འཆར་ཟིན། འབྲེལ་ཡོད་སྙན་སྒྲོན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་གནང་བར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

    ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ཕེབས་དགོས་པའི་འཐུས་མི་167ཡོད་ཅིང་། དངོས་སུ་འཐུས་མི་164ཕེབས་ཡོད་པ་དང་། འཐུས་མི་3ཕེབས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཟླ་3ཚེས་10ཉིན་གྱི་ཕྱི་དྲོར། འཐུས་མི་ཚོགས་པ་ཁག་གིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་བཟོ་བཅོས་མ་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་བཅས་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གསུམ་ལ་གྲོས་ཞིབ་གནང་ནས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་བཏོན་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་གྱི་སྙན་སྒྲོན་དང་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་གྱི་བརྡས་ཐག་མ་ཟིན་གསུམ་པོ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འཁེལ་གནང་བ་རེད།

    ཟླ་3ཚེས་10ཉིན་དང་ཚེས་11ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་ཞིང་། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། གྲོས་ཞིབ་གནང་རིང་། འཐུས་མི་ཚོས་བསམ་འཆར་དང་གྲོས་འགོ་ཁག་གཅིག་ཀྱང་བཏོན་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཞིབ་འཇུག་ནན་ཏན་གནང་ནས་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གྲོས་ཆོད་འཆར་ཟིན་དེ་གཉིས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གཏན་འཁེལ་གནང་བ་རེད།

    ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་འཆར་ལ་ཐག་གཅོད་བྱ་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའི་སྙན་སྒྲོན་གསན་ཞིང་། ལིའུ་ཅུན་ཁྲེན་གྱིས། ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་ཁྱོན་གྲོས་འཆར་ཁག་226འབྱོར་བའི་ནང་། འཐུས་མི་ཚོགས་པས་བཏོན་པའི་གྲོས་འཆར་ཁག་28དང་འཐུས་མི་30ཡན་གྱིས་མིང་མཉམ་འགོད་བྱས་ནས་བཏོན་པའི་གྲོས་འཆར་ཁག་198ཡོད། གྲོས་འཆར་དེ་དག་ནང་ཁྲིམས་འཛུགས་སྐོར་གྱི་གྲོས་འཆར་ཁག་223ཡོད་པ་དང་། དེའི་ནང་བཅའ་ཁྲིམས་ཀྱི་ཇུས་གཞི་ཁག་222དང་འབྲེལ་ཡོད་གཏན་འབེབས་ཀྱི་དོན་ཚན་1ཚུད་ཡོད། ལྟ་སྐུལ་སྐོར་གྱི་གྲོས་འཆར་ཁག་3ཡོད་ཅེས་གསུངས་པ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་འཆར་རེ་རེ་བཞིན་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་གནང་རྗེས། ད་ཐེངས་ཀྱི་ཚོགས་འདུའི་གྲོས་ཞིབ་ནང་འཇུག་དགོས་པའི་གྲོས་འཆར་མེད་པའི་ངོས་འཛིན་གནང་བ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་འཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་གོང་གསལ་གྱི་གྲོས་འཆར་ལ་གྲོས་ཞིབ་གནང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱས་འབྲས་ཀྱི་སྙན་སྒྲོན་འབུལ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྟན་ཁང་གིས་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པར་བཀྲམ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འཐུས་མིས་བཏོན་པའི་གྲོས་འཆར་ལ་ཐག་གཅོད་བྱ་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ཡི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།