དམངས་ཆེད་འགན་འཁྲི་ཧུར་ཐག་སྒྲུབ། འགོ་ཚུགས་འཆར་གཞི་མཉམ་དུ་གླེང་།
——འཐུས་མི་དང་ཨུ་ཡོན་གྱིས་འགན་འཁྲི་ཧུར་ཐག་སྒྲུབ་པའི་སྐོར་གྱི་པར་རིས་བདམས་བཀོད།

འདི་ནི་མི་དམངས་ཚོགས་ཁང་ཆེ་མོའི་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་དམར་ཡིན་པ།

འདི་ནི་ཟླ་3ཚེས་10ཉིན། ཀྲེ་ཅང་འཐུས་མི་ཚོགས་པའི་ཚོགས་ཆུང་གི་ཚོགས་འདུར་འཐུས་མི་ལུའུ་ཝུའེ་ཏིང(གཡོན་གྱི་གཉིས་པ)གིས་གཏམ་བཤད་སྤེལ་བཞིན་པ།

འདི་ནི་ཟླ་3ཚེས་6ཉིན། ལེའོ་ཉིང་འཐུས་མི་ཚོགས་པའི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུར་འཐུས་མི་ཀྲང་ཏེ་པིན་གྱིས་པར་བསྟན་ནས་གྲོང་གསེབ་ཀྱི་འཕོ་འགྱུར་གླེང་བཞིན་པ།

འདི་ནི་ཟླ་3ཚེས་9ཉིན། ཕྱི་ཕྱོགས་མཛའ་གྲོགས་རིགས་ཁོངས་ཀྱི་ཨུ་ཡོན་གྱིས་ཚོགས་ཆུང་གི་ཚོགས་འདུར་སྤེལ་རེས་དང་གྲོས་བསྡུར་གནང་བཞིན་པ།

འདི་ནི་ཟླ་3ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ཀྱི་ཨུ་ཡོན་པ་སངས་སྒྲོལ་མ(དཀྱིལ) ཁོངས་གཏོགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།

འདི་ནི་ཟླ་3ཚེས་10ཉིན། བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཁག་གཅིག་གིས་ཚོགས་འདུའི་བར་གསེང་དུ་གྲོས་བསྡུར་ཚ་ཚ་འུར་འུར་གནང་བཞིན་པ།

འདི་ནི་ཟླ་3ཚེས་8ཉིན། ཡུན་ནན་འཐུས་མི་ཚོགས་པའི་ཚོགས་ཆུང་གི་ཚོགས་རར་འཐུས་མི་ཚོས་སྤེལ་རེས་དང་གྲོས་བསྡུར་གནང་བཞིན་པ།

འདི་ནི་ཟླ་3ཚེས་10ཉིན། ཧྲང་ཧའེ་འཐུས་མི་ཚོགས་པའི་ཚོགས་ཆུང་གི་ཚོགས་འདུར་འཐུས་མི་ཚོས་སྤེལ་རེས་དང་གྲོས་བསྡུར་གནང་བཞིན་པ།

འདི་ནི་ཟླ་3ཚེས་6ཉིན། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་གྱིས་གྲོས་བསྡུར་གནང་བཞིན་པ།

ཟླ་3ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། འདི་ནི་ཨུ་ཡོན་གྱིས་ཚོགས་འདུའི་ཡིག་ཆ་གཟིགས་བཞིན་པ།

འདི་ནི་ཟླ་3ཚེས་7ཉིན། 《མི་དམངས་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་ལི་ཅུན་ཆང་གིས་ཧའེ་ནན་འཐུས་མི་ཚོགས་པའི་ཚོགས་པ་དང་ཚོཌ་ཆུང་སྒོ་དབྱེའི་ཚོགས་འདུར་དྲི་བ་འདོན་བཞིན་པ།
དམངས་ཀྱི་བློ་གྲོས་བསྡུས། སྟོབས་ཤུགས་གཅིག་ཏུ་བསྒྲིལ། འཐུས་མི་དང་ཨུ་ཡོན་ཚོས་དཔྱིད་དུས་ཀྱི་ཚོགས་ཆེན་གཟབ་རྒྱས་ལ་མཉམ་དུ་ཞུགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པར་མཉམ་དུ་དོན་གཉེར་བྱེད་བཞིན་ཡོད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “ཀུན་ཕན་གྱི་རྒན་གསོའི་ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་དགོས”ཞེས་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ནང་། “ཁྱིམ་ཚང་གི་བུ་བཙའ་དང་། བུ་གསོ། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས”ཞེས་པ་ལ་སོགས་བཏོན་ཡོད། རྒན་གསོ་ནས་བུ་གསོ་དང་། སློབ་གསོ་ནས་སྨན་བཅོས་བར། ཚོགས་རར་ཚ་ཚ་འུར་འུར་ངང་གྲོས་བསྡུར་བྱེད་པའི་ནང་དོན་མཐའ་དག་མི་སེར་གྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དང་རྦད་དེ་མཐུན་ཡོད་པ་དང་། སྲིད་ཇུས་ཀྱི་དྲོ་སྐྱིད་དང་ལག་ལེན་བསྟར་ཤུགས་ཚང་མ་དེར་གཅིག་སྡུད་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསོན་ཉམས་དོད་པའི་རྒྱུགས་ལན་འབུལ་བཞིན་ཡོད་པ་རེད།
རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས། ལེའུ་གསར་པ་མཉམ་དུ་རྩོམ། ང་ཚོས་དམིགས་ཚད་དང་ལས་འགན་ལ་དམིཌ་ཏེ། གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་འགོ་ཡག་པོ་ཞིག་འཛུགས་ཐུབ་པར་བྱས་ནས། ཀྲུང་གོའི་ངོ་མཚར་ཆེ་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས། ཤར་རླུང་དྲག་པོའི་ཁྲོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུ་གཟིངས“ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཉམས་ལྡན་པའི་རྒྱང་ལམ་གསར་པར་རླབས་གཤགས་མདུན་སྐྱོད་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།