དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་བརྙན་དུས་ཆེན་མ་ཏ་ཀ་སི་ཁཱར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ན་ན་རི་ཝོ་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། 2026ལོའི་མ་ཏ་ཀ་སི་ཁཱ་ཀྲུང་གོའི་གློག་བརྙན་དུས་ཆེན་དེ་མ་ཏ་ཀ་སི་ཁཱའི་རྒྱལ་ས་ཐ་ན་ན་རི་ཝོ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་སྐུ་མགྲོན་100ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཏེ་འགོ་ཚུགས་གློག་བརྙན《ཀྲུང་གོའི་འཕུར་སྐྱོད་ཚོད་ལྟ་བ》མཉམ་དུ་གཟིགས་པ་རེད།

    མ་ཏ་ཀ་སི་ཁཱའི་གསར་འགྱུར་དང་རིག་གནས་པུའུ་ཡི་དྲུང་ཆེ་སྨི་ཡཱ་ལི·ལཱ་སུའུ་ལུའུ་ཧྥུའུ་ཨཱ་ལི་ཆའོ་ནཱ་ཡིས། 2026ལོ་ནི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཡིན་པས། གློག་བརྙན་དུས་ཆེན་གྱིས་གཟུགས་བརྙན་དང་སྒྲུང་གཏམ་གྱི་སྟོབས་ཤུགས་ལ་བརྟེན་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ཁམས་དང་བསམ་བློ་ཇེ་ཉེར་བཏང་ནས། མ་ཏ་ཀ་སི་ཁཱའི་དམངས་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ལོན་ཐུབ་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གློག་བརྙན་དུས་ཆེན་ནི་ཀྲུང་གོ་རྒྱལ་ཁབ་གློག་བརྙན་ཅུས་དང་། མ་ཏ་ཀ་སི་ཁཱར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། མ་ཏ་ཀ་སི་ཁཱའི་གསར་འགྱུར་དང་རིག་གནས་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་གིས་གཉེར་འགན་འཁུར་བ་དང་། ཚེས་15ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་དང་། 《ཧོང་ཝུན་ཤིའུ》དང་། 《ཀྲུང་གོའི་མཁའ་ཐོག་ཞབས་ཞུ་དཔོན》《ཁམས་བཟང་། ལི་ཧོན་དབྱིང》 《རླུང་ཙེ་ཟུར་བརྒྱད་མའི་ནང》སོགས་ཀྲུང་གོའི་གློག་བརྙན་མ་ཏ་ཀ་སི་ཁཱའི་གློག་བརྙན་ཁང་དུ་བསྟན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།