དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མིས་བརྗོད་དོན།

    ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མུ་མཐུད་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-12

    རི་ནེ་ཝ་ནས་འབྱོར་བའི་གནས་ཚུལ། ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཅིག་པས་རྒྱུན་མཐུད་འཕེལ་རྒྱས་དང་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆའི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཅིག་པར་ཞུགས་མཁན་ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཤའོ་མའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱི་ལྟ་བ་དང་འདོད་ཚུལ་རྒྱས་བཤད་བྱས་པ་རེད།

    ལི་ཤའོ་མའེ་ཡིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་དེ་གཙོ་གནད་མཉམ་ལས་ཁྱབ་ཁོངས་སུ་བརྩིས་ནས་མ་དངུལ་ཨ་སྒོར་དུང་ཕྱུར་230ལྷག་ཙམ་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་བཏོན་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཀྲུང་གོས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་དང་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་ཆོད་གཙོ་བོར་བཏོན་ནས་ཕྱོགས་ཁག་གི་གཉིས་ཁེ་མཉམ་ལས་ལ་སྒུལ་ནུས་གསར་པ་བསྣན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་ལག་ལེན་མཉམ་སྤྱོད་ཧུར་ཐག་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་ནུས་པ་འཛུགས་སྐྱོང་ལ་སྟེགས་བུ་གསར་པ་བསྐྲུན་ཡོད་ཅེས་བརྗོད་པ་རེད།

    ལི་ཤའོ་མའེ་ཡིས། 2026ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་བཞིན་ཡོད་པ་དང་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ་དང་འཐབ་ཇུས་ལས་འགན་གལ་ཆེན་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཏེ་འཕེལ་རྒྱས་ཀྱི་དབང་ཆ་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་བྱས་ཏེ་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།