ཟླ་2པར་རང་རྒྱལ་གྱི་CPIདུས་མཚུངས་ལས་1.3%འཕར་བ།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་3ཚེས་9ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་2པར་དཔྱིད་གསར་དུས་ཆེན་གྱི་ཤུགས་རྐྱེན་ལས་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)གོང་མཚུངས་དང་བསྡུར་ན་1.0%འཕར་བ་དེ་དུས་མཚུངས་ལས་1.3%འཕར་ནས་བཟའ་བཅའ་དང་ནུས་རྒྱུའི་རིན་གོང་གི་ལྟེ་བའི་CPIའཐེན་ན་དུས་མཚུངས་ལས་1.8%འཕར་ཡོད། འདི་ནི་ཟླ་3ཚེས་9ཉིན་འཛད་སྤྱོད་པས་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ནས་སྔོ་ཚལ་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།