དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་གསུངས་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-12

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ནུས་ཆེའི་སྐུལ་འདེད་བཏང་སྟེ་མ་ལག་འཐུས་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ཁྲིམས་ལྟར་སྲིད་འཛིན་གྱི་ལམ་ལུགས་དང་མ་ལག་བཙུགས་ནས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་དགེ་ཚན་ལྡན་པའི་ཕན་འབྲས་ཐོན་ཡོད། འོན་ཀྱང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་གཞན་དག་བཅས་དང་བསྡུར་ན་རང་ལྗོངས་ཀྱི་གཞི་རིམ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཐད་སྔར་བཞིན་ཞན་ཆ་ཡོད་པས། ཁྲིམས་སྐྱོང་རིག་མཛོད་ཀྱི་ནུས་པ་སྔར་བས་ཡག་པོ་འདོན་པ་དང་། ལམ་ལུགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་མཁོ་སྤྲོད་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ནུས་པ་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།