དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་མས་གསུངས་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-12

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ“དམིགས་པ་ལྔ”ཐག་གཅོད་ཧུར་ཐག་དང“བྱ་སྤྱོད་ཁག་བརྒྱད”ལག་ལེན་བསྟར་བས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱུང་ཡོད། འོན་ཀྱང་གནད་དོན་ཁག་གཅིག་ད་དུང་ཐག་གཅོད་བྱེད་དགོས་ཀྱི་ཡོད། སྦྲུམ་མར་ཕྲུ་གུ་མ་སྐྱེས་གོང་གི་དབྱེ་བཤེར་བརྟག་དཔྱད་བྱེད་པའི་ལག་རྩལ་ཞིབ་འཇུག་ལ་སྔར་བས་ཤུཌ་སྣོན་བརྒྱབ་སྟེ། ལྗོངས་ཡོངས་སུ་ཕྲུ་གུ་མ་སྐྱེས་གོང་གི་དབྱེ་བཤེར་དང་བརྟག་དཔྱད་ཀྱི་ཆ་འཕྲིན་དོ་དམ་ལས་སྟེགས་འཚོལ་ཞིབ་ཀྱིས་བཙུགས་ཏེ། བརྒྱུད་རིམ་ཧྲིལ་པོར་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱེད་དགོས་པ། ས་གནས་རང་གི་ལག་རྩལ་ཤེས་ལྡན་པར་དུས་ཡུན་རིང་འབྲིང་གི་ཟབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པ་བོད་དུ་ཉར་ཐུབ་པའི་ཡིད་དབང་འགུགས་ཤུགས་ལྡན་པའི་སྲིད་ཇུས་བཟོ་བ། འབྲེལ་ཡོད་རིམས་ནད་རིག་པའི་བརྟག་དཔྱད་དང་རྨང་གཞིའི་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་ལ་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་ཀྱི་དཀའ་གནད་སེལ་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།