རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོཌ་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་མ་ཟད། བཅའ་ཁྲིམས་འཆར་ཟིན་གསུམ་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་བཅས་ཡིན་པའི་ལིའུ་ཆི་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་སྙན་སེང་གསན་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧྲན་གྱིས་གནང་བའི“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྙན་སྒྲོན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྙན་སྒྲོན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ་མ་ཟད། ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་གཉིས་ལ་གྲོས་ཞིབ་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་གནང་བའི་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྙན་སྒྲོན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ་མ་ཟད། ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་ལ་གྲོས་ཞིབ་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ལིའུ་ཆི་ཡིས་གནང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་བཅས་ཀྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་སྙན་སེང་གསན་པ་དང་འབྲེལ་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་གསུམ་གྱི་གྲོས་ཞིབ་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་གོང་གསལ་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། འཆར་ཟིན། སྙན་སྒྲོན་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད། འཆར་གཞིའི་སྙན་སྒྲོན་དང་འཆར་གཞི། སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་འཆར་ཟིན་སོགས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ཕེབས་དགོས་པའི་འཐུས་མི་167ཡོད་ཅིང་། དངོས་སུ་འཐུས་མི་162ཕེབས་ཡོད་པ་དང་འཐུས་མི་5ཕེབས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཟླ་3ཚེས་8ཉིན། འཐུས་མི་ཚོགས་པ་ཁག་གིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གྱི་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། འཆར་ཟིན་ཁག་ལ་གྲོས་ཞིབ་བྱས་ནས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ཁག་གསུམ་སོ་སོར་བཏོན་གནང་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གྲོས་ཞིབ་བྱས་འབྲས་གསུམ་པོའི་སྙན་སྒྲོན་དང་བཅའ་ཁྲིམས་འཆར་ཟིན་གསུམ་པོའི་བཟོ་བཅོས་མ་ཟིན་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་འཆར་ཟིན་གསུམ་པོའི་བཟོ་བཅོས་མ་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།
ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་དང་ཚེས་6ཉིན་གྱི་ཕྱི་དྲོར། འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་རྣམ་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ་དང་། ལས་འགན་གཙོ་བོ། ད་ལོའི་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་བཅས་ལ་མོས་མཐུན་རྒྱ་ཁྱབ་ཏུ་གནང་བ་རེད། གྲོས་ཞིབ་བྱེད་རིང་། འཐུས་མི་རྣམ་པས་ཀྱང་བསམ་འཆར་དང་གྲོས་འགོ་ཁ་ཤས་བཏོན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་གནང་བ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ཡང་ཚབ་བྲིས་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧྲན་གྱིས་ཚོགས་འདུའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གནང་བ་རེད། ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དེ《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་གཞི་འགོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་བཏོན་པའི་དམིགས་ཚད་དང་བླང་བྱ་དང་མཐུན་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་དང་མཐུན་པ། དམིགས་ཚད་གཙོ་བོ་དང་། ལས་འགན་གཙོ་བོ། ལས་གྲྭའི་རྣམ་གྲངས་གལ་ཆེན་བཅས་རང་རྒྱལ་གྱི་རྒྱལ་བབ་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་མཐུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཆོས་ཉིད་དང་མཐུན་པ། རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་ཀྱི་དམིགས་ཚད་དང་མཐུན་པས། སྤྱིར་ན་ལག་ལེན་བསྟར་ཆོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད(མ་ཟིན)》ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་རེད།
ཀྲུང་ཧྲན་གྱིས་ཚོགས་འདུའི་ཐོག་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་གནང་བ་རེད། ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་དོན། 2025ལོའི་འཆར་གཞི་ལག་བསྟར་བྱས་ཚུལ་སྤྱིར་ན་ཡག་པོ་བྱུང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་2026ལོའི་འཆར་གཞིའི་བཀོད་སྒྲིག་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དང་མཐུན་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་མཐུན་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་དམིགས་ཚད་བླང་བྱ་དང་མཐུན་པ། དམིགས་ཚད་གཙོ་བོ་དང་། ལས་འགན་གཙོ་བོ། ལས་གྲྭའི་རྣམ་གྲངས་གལ་ཆེན་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་མཐུན་ཡོད་པས། སྤྱིར་ན་ལག་ལེན་བསྟར་ཆོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན》ལ་ཆོག་མཆན་སྤྲོད་པ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་ཚོགས་འདུའི་ཐོག་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གནང་བ་རེད། ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་དོན། 2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་2026ལོའི་སྔོན་རྩིས་སྙན་ཞུ་དང་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དང་མཐུན་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་མཐུན་པ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་དང་སྤྱི་ཁོག་སྙོམ་སྒྲིག་གི་སྤྱིའི་བླང་བྱ་དང་མཐུན་པ། གཏོང་ཡོང་གི་སྲིད་ཇུས་གཙོ་བོ་གཞི་རྩའི་ཆ་ནས་མཐུན་སྦྱོར་དང་སྙོམ་སྒྲིག་ཐུབ་པ། གནས་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་ནན་ཏན་བྱས་པ། ལས་ཀ་ལེགས་པར་བསྒྲུབ་རྒྱུར་བཀོད་སྒྲིག་འོས་འཚམ་བྱས་པ། སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པ་བཅས་ཡིན་པས། སྤྱིར་ན་ལག་ལེན་བསྟར་ཆོག་པ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན》ལ་ཆོག་མཆན་འགོད་རྒྱུ་དང་། 2026ལོའི་ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུ། དུས་མཚུངས་སུ་2026ལོའི་ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུ་ལོན་བཅད་གྲངས་དང་ཆེད་དོན་བུ་ལོན་བཅད་གྲངས་ལ་ཆོག་མཆན་འགོད་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་གསུམ་ལ་གྲོས་འཆམ་བྱུང་བ་རེད།
ཟླ་3ཚེས་6ཉིན་གྱི་ཉིན་གང་རིང་འཐུས་མི་ཚོགས་པ་ཁག་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་ནན་ཏན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་ལ་གཞིགས་ནས་རྩ་གནད་ཀྱི་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པ་རེད། ཟླ་3ཚེས་7ཉིན་གྱི་ཉིན་གང་རིང་འཐུས་མི་ཚོགས་པ་ཁག་གིས་འཆར་གཞིའི་སྙན་ཞུ་དང་། འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་ཞུ། སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་ནན་ཏན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་ལ་གཞིགས་ནས་སྙན་ཞུ་གཉིས་ལ་སོ་སོར་བཟོ་བཅོས་བརྒྱབ་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་དང་། རྩ་གནད་ཀྱི་འཆར་ཟིན། སྙན་ཞུར་བཟོ་བཅོས་བརྒྱབ་ཚུལ། ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་བཅས་ལ་གཞིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། འཆར་གཞིའི་སྙན་ཞུ། འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་ཞུ། ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་འགོད་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་། འཆར་གཞིའི་སྙན་ཞུ་དང་འཆར་གཞི། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་བཅས་གསུམ་གྱི་གྲོས་ཆོད་འཆར་ཟིན་ཚབ་བྲིས་བྱས་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།