དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཐུས་མི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་འགོ་ཁག་33ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-12

    གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་འཆར་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། ཚོཌ་འདུའི་རིང་། བོད་ཀྱི་འཐུས་མི་ཚོགས་པས་ཚོཌ་ཆེན་ལ་གྲོས་འགོ་ཁག་33ཕུལ་བའི་ནང་འཐུས་མི་ཚོགས་པའི་མཉམ་སྡེབ་ཀྱི་གྲོས་འགོ་ཁག་17དང་འཐུས་མི་མི་སྒེར་གྱི་གྲོས་འགོ་ཁག་16ཡོད་པ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚོགས་འདུ་མ་འཚོགས་གོང་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱེད་པ། ཚོགས་འདུའི་རིང་འགན་འཁྲི་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བའི་གནད་དོན་ལ་དམིགས་ནས་སྤུས་ཚད་མཐོ་བ་དང་དམིགས་སའི་རང་བཞིན་ཆེ་བའི་གྲོས་འགོ་བཏོན་ཡོད། སྤྱི་ཡོངས་ནས་བལྟས་ཚེ། ད་ལོའི་གྲོས་འགོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། ཡུལ་བབ་དམངས་འདུན་དང་འཚམ་པོ་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མའི་འཕེལ་རྒྱས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ནང་དོན་ལ་གཙོ་བོར་དམིགས་ཡོད།

    མིག་སྔར། གྲོས་འགོ་དེ་དག་ཚང་མ་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་གྲོས་འཆར་ཚོགས་ཆུང་ལ་ཕུལ་བ་རེད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ལས་དོན་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུད་ཀྱི་ལས་དོན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གྱི་འཕེལ་རིམ་གནས་ཚུལ་ལ་རྗེས་སྙེག་དང་ཁོང་དུ་ཆུད་པར་བྱེད་པ། སྒྲུབ་འགན་འཁུར་མཁན་ཚན་པ་དང་འཐུས་མིའི་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་རང་འགུལ་ངང་གཞོགས་འདེགས་ཡག་པོ་བཅས་བྱས་ཏེ། འཐུས་མིས་བཏོན་པའི་གྲོས་འགོའི་ནུས་པ་འདོན་སྤེལ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།