དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    2026ལོའི“བུད་མེད་འབད་འཐབ་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བུད་མེད་དང་བྱིས་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཚོགས་ཡོངས་སུ་བུད་མེད་ལ་བརྩི་འཇོག་དང་བུད་མེད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་དེ་རྒྱ་ཆེའི་བུད་མེད་རྣམས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་ཆེད། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་ལ་2026ལོའི“བུད་མེད་འབད་འཐབ་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།

    ལན་ཀྲེན་དང་། ཀྲུའུ་པེ་ཝུའེ། ཀྲུའུ་ཞུའེ་ལན། ཀྲང་ཡུས་ཧྭ། ཀྲང་ཏུང་ཤང་། ཧོ་ཧུང་མེ། ཧན་ལི། ཧོ་ཅའོ་ལུང་། ཁྲེན་ཡུས་ཝུན། རེན་ཕིང་ཕིང་བཅས་བློ་མཐུན་10གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་བ་རེད། ཁོང་ཚོས་འབད་འཐབ་ལ་བརྟེན་ནས་གྲུབ་འབྲས་ཡག་ཤོས་བཏོད་པ་དང་བརྟན་སྲུང་ལ་བརྟེན་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་དེ“བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་པའི”དུས་རབས་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

    རྒྱ་ཆེའི་བུད་མེད་ཚོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ང་ཚོ་བུད་མེད་ཚང་མ་མི་སྣ་གཙོ་བོ་ཡིན་པས་ཚང་མར་མི་ཚེའི་རིན་ཐང་མངོན་པ་དང་ཕུགས་འདུན་མངོན་འགྱུར་གྱི་གོ་སྐབས་ཡོད། “བུད་མེད་འབད་འཐབ་པ་ཡག་ཤོས”ནི་སྤྱིར་བཏང་ཡིན་ལ་རླབས་ཆེན་ཞིག་ཀྱང་ཡིན། ཁོང་ཚོས་དྲོ་སྐྱིད་ལྡན་པའི་ཁྱིམ་ཆུང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་མ་ཟད། སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་དེར་བརྩེ་སེམས་ཟབ་མོས་ལེགས་སྐྱེས་ཀྱང་ཕུལ་ཡོད། ང་ཚོས་སྔོན་ཐོན་མིག་དཔེར་བཟུང་ནས་སེམས་འགུལ་དེ་བྱ་སྤྱོད་དངོས་ལ་བསྒྱུར་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་རང་རྟོགས་ངང་དར་སྤེལ་བཏང་ནས། ལས་གནས་ལ་གཞི་ཚུགས་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། གཤིས་ཀ་འཇམ་ཞིང་སྙིང་རུས་ཆེ་བ་དང་གཅེས་སེམས་དང་ལེགས་སྐྱེས་འབུལ་བར་བརྟེན་ནས། ཁྱིམ་ཚང་དང་སྤྱི་ཚོགས་ཁྲོད་དུས་རབས་གསར་པའི་བུད་མེད་ཀྱི་བློ་གྲོས་དང་འགན་འཁྲི་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།