ཀྲེ་ཅང་ཀྲུའུ་ཅི་རུ་ཤང་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པས་ཐུན་མོང་ཕྱུག་འགྱུར་གྱི་བཟོ་ཁང་འཕེལ་རྒྱས་གཏོང་རོགས་བྱས་པ།

ད་ཕན་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཀྲའོ་ཅ་གྲོང་རྡལ་གྱིས་ཏང་ཡོན་ལས་བྱེད་པ་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པ་དང་། ཐུན་མོང་ཕྱུག་འགྱུར་བཟོ་ཁང་གི“གསར་བརྗེའི་གཉེར་པའི”འགན་རང་འགུལ་ངང་ཁུར་བ། ཐོན་ཁུངས་སྦྲེལ་མཐུད་དང་ཇུས་འགོད་དྲིལ་བསྒྲགས་བཅས་བྱས་ནས། ཐུན་མོང་ཕྱུག་འགྱུར་བཟོ་ཁང་གི་ཁྱད་ལྡན་ཐོན་ལས་འཁོར་འབྲེལ“དུས་ཚིགས་གཅིག་རིང་བྲིན་ཁ་རྒྱུག་པ”ནས“དུས་ཚིགས་བཞིར་བྲིན་ཁ་རྒྱུག་པའི”བར་སྣུར་སྲིང་བྱས་པས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་ནུས་ལྡན་ཕྱིན་པ་མ་ཟད། ཡུལ་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད།
འདི་ནི་ཀྲུའུ་ཅི་གྲོང་ཁྱེར་རིམ་པའི་ཐུན་མོང་ཕྱུག་འགྱུར་བཟོ་ཁང་གི་ཐད་ཚོང་ཁང་དུ་ཀྲའོ་ཅ་གྲོང་རྡལ་གྱི་ཏང་ཡོན་དང་བླངས་པ་དང་ལས་མིས་ཤང་དང་གྲོང་རྡལ་གྱི་ཁྱད་ལྡན་ཐོན་རྫས་བསྒྲིགས་ནས་འཚོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།