དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་སུའུ་ཆིང་ཏུང་གིས་གསུངས་དོན།

    ​ཤང་ཀང་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་དེ་བས་ཡག་པ་ཐུབ་རྒྱུར་རམ་འདེགས་བྱེད་ཀྱི་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-11

    ང་རང་གནས་སའི་ཤང་ཀང་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་མཐུན་འབྲེལ་ལྷན་ཚོགས་ནི་རྒྱལ་གཅེས་ཀང་གཅེས་ཀྱི་ཚོགས་པ་ཞིག་ཡིན་ཞིང་། “རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་། ཤང་ཀང་ལ་ཞབས་འདེགས་ཞུ་བ། ཨུ་ཡོན་ལ་ཞབས་འདེགས་ཞུ་བ”བཅས་དམིགས་ཡུལ་དུ་བྱས་ཏེ། ཤང་ཀང་དང་ནང་སའི་དབར་གྱི་སྤེལ་རེས་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་གི་ཡོད། 2024ལོའི་ཟླ་ལྔ་པ་ནས་བཟུང་། ང་ཚོས་རིམ་རྩིས་བརྒྱབ་ན་བྱེད་སྒོ་སྣ་ཚོགས་ཐེངས་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཤང་ཀང་དང་ནང་སའི་དབར་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་སྟེགས་མང་པོ་ཞིག་བསྐྲུན་ཐོག ནང་སའི་ཞིང་ཆེན་ཁག་ནས་ཤང་ཀང་དུ་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱེད་པར་ཡོང་བ་སོགས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད།

    མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དུས་བསྟུན་འཕེལ་རྒྱས་དང་རིམ་སྤོར་ཟམ་མི་ཆད་པར་བྱས་ཤིང་། སྔོན་ཆད་ངེད་ཚོས་གཙོ་བོ་ཨུ་ཡོན་ཚོ་ཁྲིད་དེ་ནང་ས་རྒྱུས་ལོན་དང་རྒྱལ་བབ་ཤེས་རྟོགས་ཐུབ་པར་བྱེད་ཀྱི་ཡོད། ཤང་ཀང“བདག་སྐྱོང་ནས་དར་འཕེལ”གྱི་དུས་མཚམས་གསར་པར་སླེབས་རྗེས་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཕལ་ཆེ་བ་ནི་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཤང་ཀང་གི“དཔལ་འབྱོར་འཕར་ཐབས་དང་། འཕེལ་རྒྱས་དོན་གཉེར། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ནས་ནང་ས་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ཤང་ཀང་གིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རམ་འདེགས་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།