ཨུ་ཡོན་ཀྲའོ་ཞའོ་ཡན་གྱིས་གསུངས་དོན།
གྲོང་གསེབ་ཀྱི་རྒན་རྒོན་ལ་བཟའ་བཏུང་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་དགོས།
པེ་ཅིང་གྲོང་ཁྱེར་ཞིང་ལས་དང་ནགས་ཚལ་ཚན་རིག་ཁང་ཞིང་ལས་ཐོན་རྫས་ལས་སྣོན་དང་བཟའ་བཅའི་འཚོ་བཅུད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཨུ་ཡོན་ཀྲའོ་ཞའོ་ཡན་གྱིས“བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་གྲོང་གསེབ་ཁག་གཅིག་ཏུ་རྒན་རྒོན་གྱི་འཚོ་བཅུད་མི་འདང་བ་དང་གཅོང་ནད་སྨན་བཅོས་མ་ཐུབ་པའི་གནད་དོན་གཉིས་ལྷན་དུ་འབྲེལ་ནས་གནས་ཚུལ་ཇེ་སྡུག་ཏུ་སོང་བ་དང་། རྗེས་མཐུད་སྨན་བཅོས་ཀྱི་ཁུར་པོ་ཡང་ལྕི་རུ་འགྲོ་ཚུལ་ཤེས་རྟོགས་བྱུང་ཚུལ”གསུངས་ནས། འབྲེལ་ཡོད་ཀྱི་འདུ་འགོད་ལག་ལེན་བསྟར་ཏེ་དུས་ཚོད་ལོ་3ནས་5ཡི་བར་གྲོང་གསེབ་ཀྱི་རྒན་རྒོན་ལ་བཟའ་བཏུང་ཞབས་ཞུའི་ཁྱབ་རྒྱ་མི་འབོར་གྱི་60%ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
“འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་གཙོ་ཁྲིད་བྱས་ཏེ་གྲོང་གསེབ་ཀྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས‘འཚོ་བཅུད་ལེགས་གཏོང་ས་ཚིགས’ལ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བའི་ཐོག ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པའི་སྟོབས་ཤུགས་ལ་བརྟེན་ནས་འཚོ་བཅུད་ལ་མཛུབ་ཁྲིད་བྱ་རྒྱུ་དེ་ད་ཡོད་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནང་ཁྱབ་ཐུབ་པ་དང་། རྫོང་རིམ་པའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་བརྟེན་ནས་རིམ་པ་དབྱེ་སྟེ་ལས་དོན་པར་ཟ་མ་གཡོས་སྦྱོར་གསོ་སྦྱོང་དང་གྲོང་གསེབ་ཀྱི་སྨན་པར་འཚོ་བཅུད་ལེགས་གཏོང་གི་ཆེད་དོན་གསོ་སྦྱོང་བྱེད་དུ་འཇུག་དགོས”ཞེས་ཨུ་ཡོན་ཀྲའོ་ཞའོ་ཡན་གྱིས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།