འཐུས་མི་ཀྲོའུ་ཧྲུའུ་ཀོང་གིས་གསུངས་དོན།
དམངས་གཉེར་ཁེ་ལས་རྨང་གཞིའི་ཞིབ་འཇུག་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན།
“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བར། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་མང་དུ་གཏོང་བ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལེགས་སུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིས་ཨན་ཁོའོ་ཝུའེ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཧྲུའུ་ཀོང་གིས་གསུངས་པ་རེད།
ཀྲོའུ་ཧྲུའུ་ཀོང་གིས། སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག ཚན་རྩལ་ཁེ་ལས་སྐྱོང་གསོའི་ཡོ་བྱད། གསར་གཏོད་མཉམ་འབྲེལ་སྒྲིག་གཞི་སོགས་འཛུགས་སྐྱོང་ནང་དམངས་གཉེར་ཁེ་ལས་ཞུགས་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས་ཤིང་། ཕུགས་བརྟན་མ་རྩ་དང་། ཡུན་རིང་མ་དངུལ། ཉེན་ཁའི་ཐེབས་རྩ་བཅས་དེ་བས་མང་བས་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་མ་རྩ་དམངས་གཉེར་ཁེ་ལས་ལ་ཕྱོགས་ནས་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་རྒྱུག་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།