འཐུས་མི་ཧོ་ཆི་ཀང་གིས་གསུངས་དོན།
མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཁག་དབྱེ་བའི་ལྟ་སྟངས་འཛིན་མི་རུང་།
“མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཁག་དབྱེ་བའི་ལྟ་སྟངས་འཛིན་མི་རུང་བར། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པར་གཞི་རིམ་ནས་འགོ་འཛུགས་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་ཧོ་ཆི་ཀང་གིས་གསུངས་ཤིང་། ཁོང་གིས། ལུས་རྩལ་འགྲན་བསྡུར་མང་པོ་ཞིག་ཕྱོགས་སྒྱུར་བྱེད་དགོས་པ་དཔེར་ན། ཇི་ལྟར་བྱས་ནས་ལུས་རྩལ་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། ཇི་ལྟར་བྱས་ནས་སྤྱི་དམངས་ཞུགས་ཚད་མང་དུ་གཏོང་བ། ཇི་ལྟར་བྱས་ནས་ལུས་རྩལ་དེ་རོལ་རྩེད་དང་ཡུལ་སྐོར་དང་ཟུང་འབྲེལ་བྱེད་པ་བཅས་ལྟ་བུ་རེད་ཅེས་གསུངས་ཡོད།
ཧོ་ཆི་ཀང་གིས། འབྱུང་འགྱུར་ལུས་རྩལ་རྣམ་གྲངས་ལ་གཞོན་ནུ་ཚོའི་དགའ་བསུ་ཇི་ལྟར་འཐོབ་རྒྱུར་བསམ་གཞིག་བྱེད་དགོས་པ་དང་། མི་སེར་དང་གཞི་རིམ་གྱི་རྩལ་ཁྲིད་པ་རྣམས་ལ་འཕྲད་པའི་གནད་དོན་ཤེས་རྟོགས་བྱེད་པ། དེ་བཞིན་ཇི་ལྟར་བྱས་ནས་མི་མང་པོ་དེའི་ནང་ཞུགས་སུ་འཇུག་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་དོ་ཁུར་བྱེད་པ་སོགས་ཀྱི་ཐད་ཤེས་རྟོགས་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།