དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ལན་ཏིང་གོ་ཡིས་གསུངས་དོན།

    ཞིང་པར་ཐོབ་སྣང་དེ་བས་མང་བ་ཡོང་བར་བྱེད་དགོས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-11

    དཔྱིད་ཀར་ཝུའུ་ལིང་རི་ཁུལ་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཧུའུ་ནན་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོ་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཕྱོགས་སུ་བསྐྱོད་པ་དེ་ནི་དངོས་སྒྲུབ་ལ་མཐོང་ཆེན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དང་དམངས་འཚོའི་ཞན་ཆ་གང་མགྱོགས་བསབས་ནས་ཞིང་པ་དུང་ཕྱུར་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་དེ་བས་ཆེ་བ་ཡོང་བར་བྱེད་དགོས། ལོ་འདི་དག་རིང་། ཧྲི་པ་ཏུང་གྲོང་ཚོས་དོན་དངོས་ལ་གཞི་ཚུགས་ནས་མེའོ་རིགས་ཀྱི་འཚེམ་དྲུབ་དང་། སྤྲེལ་ཁམ་འདེབས་པ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཏེ་དབུལ་སྒྲོལ་མང་ཚོགས་ཐོན་ལས་འཁོར་འབྲེལ་ལས་ཡོང་འབབ་བརྟན་པོ་གསོག་རྒྱུ་བྱུང་ཡོད། བཅར་འདྲི་དང་གྲལ་བཤེར་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ནས་རོགས་སྐྱོར་གྱི་བྱ་ཐབས་དུད་ཚང་ཚང་མར་ལག་ལེན་བསྟར་ཏེ་སྲིད་ཇུས་དག་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་དངོས་སུ་འགྱུར་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།