དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་རིགས་ཁོངས་ཁག་གི་ཚོཌ་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-11

     ཚེས་9ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་གི་གྲོས་བསྡུར་མུ་མཐུད་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་རིགས་ཁོངས་ཁག་ཏུ“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལ་གྲོས་བསྡུར་དང་ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་ཁག་གི་འཆར་ཟིན་ལ་གྲོས་བསྡུར་གནང་བ་རེད།

    བསོད་ནམས་ཉི་མ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ཞུས་ཅན་ཅུན། ངག་དབང་། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ་སོགས་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཁག་སོ་སོར་ཞུགས་པ་རེད།

    ཨུ་ཡོན་རྣམ་པས“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། སྙན་སྒྲོན་གཉིས་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ། “མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་འདྲ་མཉམ་དང་དྲང་གཞག་ཚོར་ཐུབ་པ་བྱེད་པའི”ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་བ་དང་། ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་ཤུགས་ཆེ་བ། དམངས་འཚོར་དོ་ཁུར་ཆེ་བ། ཁྲིམས་འཛིན་སྒྱུར་བཅོས་ཟབ་པ་བཅས་ཡོད་པས། ནང་དོན་ཚང་མར་དོན་སྙིང་ཆེན་པོ་ལྡན་ཡོད་ལ། སྤྱི་ཚོགས་ཀྱི་དོ་ཁུར་དང་རྦད་དེ་མཐུན་ནས་བརྡ་ལན་ཧུར་ཐག་སློག་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་རྣམ་པས་ངོས་འཛིན་གནང་དོན། ཚོགས་འདུའི་གྲོས་ཆོད་ཁག་དང་སྙན་སྒྲོན་གྱི་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཆེད་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།