དབུ་ཤོག
  • གནས་སྐབས་ནང་འཇམ་འབུད་རྒྱུ་མི་འདུག གངས་སམ་ཆར་པ་ཆེན་པོ་འབབ་པ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-10

    ཟླ་3ཚེས་8ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་10(ཟླ་3ཚེས་9ནས་ཚེས་18ཉིན་བར)ཡི་རིང་། རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པ་དང་སྐབས་འགར་ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་ཆེ་ཙམ་འབབ་རྒྱུ་རེད་འདུག   ཚེས་12ནས་15ཉིན་བར། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེན་པོ་བབས་ནས་ཁ་བ་བུ་ཡུག་འཚུབ་རྒྱུ།  ཚེས་16ནས་18ཉིན་བར། ཉིང་ཁྲི་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེན་པོ་འབབ་རྒྱུ། ཚེས་11ཉིན་ནས་ལྷགས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ནས་11བར་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་7ཡས་མས་རྒྱག་རྒྱུ།   ཚེས་13དང་14ཉིན། ལྗོངས་ཡོངས་སུ་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།

    གནམ་གཤིས་སྟོན་ཚུལ་གཙོ་བོ།  ཚེས་9ནས་11ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    ཚེས་12ནས་15ཉིན་བར། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེན་པོ་བབས་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་ཤར་རྒྱུད། ལྷ་སའི་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ནས་11བར་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་7ཡས་མས་རྒྱག་རྒྱུ།

    ཚེས་13དང་14ཉིན། ལྗོངས་ཡོངས་སུ་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།

    ཚེས་16ནས་18ཉིན་བར། ཉིང་ཁྲི་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེན་པོ་འབབ་རྒྱུ། ཆབ་མདོ་དང་ནག་ཆུའི་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།