དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུ་གཉིས་ཀྱི“ཚོགས་པ་དང་ཚོགས་ཆུང”ལ་ཞུགས་པ།

    “གཙོ་གནད་ལས་དོན་ལེགས་པར་བསྒྲུབས་ན་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཏུའུ་ཧྲང་ཙེ། སུན་ཀྲེན།   |     སྤེལ་དུས།  2026-03-10

    དུས་ཚོད། ཟླ་3ཚེས་6ཉིན་གྱི་ཕྱི་དྲོ།

    ཉིན་རེའི་གྲོས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཞིང་བཟོ་དམངས་གཙོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་སྦྲགས། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ།

    ས་བབ་མཐོ་བ་དང་། སྨན་བཅོས་ཞབས་ཞུའི་ཁྱབ་ཁྱོན་ཡང་ཆེ་བས། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཨུ་ཡོན་པ་སངས་སྒྲོལ་མར་ས་མཐོའི་ནད་འགོག་བཅོས་ཐད་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས་མཚོ་བོད་གཞུང་ལམ་ནས་མཚོ་བོད་ལྕགས་ལམ་བར་དང་། དེ་ནས་ཁྲོན་བོད་ལྕགས་ལམ་བར་གྱི་ལས་གྲྭ་ཆེན་པོ་འགའ་ཞིག་འཛུཌ་སྐྲུན་བྱེད་རིང་ས་མཐོའི་ནད་འགོག་བཅོས་བྱེད་པའི་སྐོར་ལྷུག་པོར་གླེང་བ་དང་། གཏམ་བཤད་ལས་འགྱུར་ལྡོག་ཆེན་པོ་རང་ཤུཌ་སུ་མངོན།

    “ས་མཐོའི་ནད་ནི་ཐོག་མཐའ་བར་གསུམ་དུ་ས་མཐོར་ལས་ཀ་དང་འཚོ་བ་སྐྱེལ་རིང་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་རེད” མཚོ་བོད་ས་ཁུལ་གྱི་སྨན་བཅོས་གནས་ཚུལ་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་ཆེན་པོ་གནང་ཞིང་། ཁོང་གིས“ད་ལྟ་ཆ་རྐྱེན་དང་ལག་རྩལ་ཆུ་ཚད་མང་པོ་ཞིག་ཚད་གཞི་ངེས་ཅན་ལ་སླེབས་ཡོད་མོད། འོན་ཀྱང་དེའི་ཐད་ད་དུང་ཤུགས་རྒྱག་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞན་ཆ་སེལ་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཀྲུང་ལུགས་གསོ་རིག་དང་། བོད་ལུགས་གསོ་རིག སོག་ལུགས་གསོ་རིག མེའོ་རིགས་ལུགས་ཀྱི་གསོ་རིག་སོགས་མི་རིགས་ཀྱི་གསོ་རིག་ཀྱང་ང་ཚོའི་རྩ་ཆེའི་རྒྱུ་ནོར་ཡིན”ཞེས་གསུངས་ཡོད།

    “གཙོ་གནད་ལས་དོན་ལེགས་པར་བསྒྲུབས་ན་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་བརྟག་ཐབས་སྨྲ་བའི་སྐོར་ནང་གསུངས་ཡོད།

    ཅི་ཞིག་ལ་གཙོ་གནད་ལས་དོན་ཟེར་རམ།

    ལོ་10ཡི་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་གཏན་འཁེལ་བྱས་ཤིང་། གཞི་རིམ་གཙོ་གནད་དུ་འཛིན་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། སྔོན་འགོག་གཙོ་བོར་འཛིན་པ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་བཅས་བྱས་ཏེ། སྲིད་ཇུས་ཚང་མར་བདེ་ཐང་གི་ནང་དོན་ལྡན་པར་བྱས་ནས་མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱས་ཡོད།

    “མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྣ་མང་ཅན་གྱི་འཕྲོད་བསྟེན་དང་བདེ་ཐང་གི་དགོས་མཁོའི་མདུན་དུ་ངེས་པར་དུ་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཕན་པ་ཐོབ་རྒྱ་ཆེ་བ་དང་ཆ་ཤས་ཀྱིས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་ལས་དོན་དེ་དག་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་སྐྲུན་པ། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་སྐུལ་འདེད་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་བཟང་ཚིག་ནན་གྱིས་གསུངས།

    སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད“སྤྱི་ཚོགས་མཉམ་བཅོས་དང་། སྨན་བཅོས་དང་སྔོན་འགོག་མཉམ་སྒྲུབ། སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་བཅས་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད”

    ཚོགས་འདུར་ཕེབས་པའི་ཨུ་ཡོན་ཚང་མ་དུས་རབས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་ཆེན་རྒྱུགས་ཆེན་དངོས་སུ་བརྒྱུད་མྱོང་ཡོད།

    སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་སྐྲུན་པའི་ཐད“སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་གི་འདུ་འགོད་ལག་ལེན་བསྟར་བ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་གཏོང་བ། རྫོང་དང་ཆུས་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འཁོར་སྐྱོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ”སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕུལ་དུ་བྱུང་བའི་གྲུབ་འབྲས་མང་པོ་ཐོབ་པ་སྟེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་ཁྲི་97ནས་ཁྲི་105.5བར་མང་དུ་ཕྱིན་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ནད་བརྟག་སྨན་བཅོས་བྱེད་ཚད་ཀྱི་བསྡུར་ཚད་50%ཡན་རྒྱུན་འཁྱོངས་ཐུབ་པ་སོགས་རེད།

    བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བའི་ཐད“དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་སྔར་བས་མཐོ་རུ་བཏང་ནས། དམངས་ཡོངས་ལུས་སྦྱོང་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཏེ། མི་རྣམས་ལ་བཟའ་བཅའ་ལུགས་མཐུན་སྤྱོད་པ་དང་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཁྲིད་སྟོན་བྱེད་དགོས་པ་དང་། འདི་དག་ཚང་མར་བྱ་ཐབས་དངོས་དང་དམ་འཛིན་བྱ་གཞི་ཞིབ་ཕྲ་ཡོད་དགོས”

    མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཨུ་ཡོན་ཝང་ལུའུ་ཡིས་2025ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.2ལ་སླེབས་ཡོད་ཅེས་གསུངས་པར་སྤྱི་ཁྱབ་ཧྲུའུ་ཅིར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས།“བདེ་ཐང་གི་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་བྱེད་པ་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བ་ནི་གལ་འགངས་ཆེན་པོ་རེད”ཅེས་གསུངས།

    “2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུ་ནི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་ཤིག་རེད། ‘ལོ་ལྔ་ཚན་བཅོ་ལྔ་པ’ནི་དམིགས་ཚད་དེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ངེས་པར་དུ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་གང་ཐུབ་བྱེད་དགོས”

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ནང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80བར་རིང་དུ་འགྲོ་ཐུབ་པ་བྱ་རྒྱུ་དང་། རྒན་གསོའི་སྒྲིག་གཞིའི་ནད་གཡོག་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་བཟུང་ཚད་73%བར་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ནང་དོན་བཀོད་ཡོད། འདི་ནི་བརྗིད་ཆེའི་འཆར་གཞིའི་ནང་དམངས་འཚོའི་ནང་དོན་སླར་ཡང་བཀོད་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།