“‘གནད་ཆེར་དམ་འཛིན་བྱེད་པར’གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པར་གཞོལ་དགོས”
དུས་ཚོད། ཟླ་3ཚེས་6ཉིན་གྱི་ཕྱི་དྲོ།
ཉིན་རེའི་གྲོས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ཚོར་གཟིགས་པ་དང་སྦྲགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ།
མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཨུ་ཡོན་ཚོས་ཚན་རྩལ་གསར་གཏོད་ཀྱི་སྐོར་གླེང་སྐབས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་ཡོད་ལ། སྐྱེད་སྲིང་འཚོལ་ཞིབ་བྱེད་པའི་ལག་ལེན་མཐའ་འཁྱོངས་ཀྱང་བྱས་པའི་སྐོར་གླེང་ཡོད།
ཨུ་ཡོན་ལུའུ་ཁོའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དཔྱད་གཞིའི་ལག་རྩལ་གྱི་འགག་སྒྲོལ་སྙན་སེང་ཞུས་ཤིང་། ཁོང་གི་ཁོངས་གཏོགས་ཡིན་པའི་ལེའོ་ཉིང་རྒྱུ་ཆའི་ཚོད་ལྟ་ཁང་ནི་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་གསར་པ་ཞིག་ཡིན་པ་དང་། གཙོ་བོ་ཆེད་སྤྱོད་རྒྱུ་ཆའི“གཞི་སྒྲོམ”གྱི་ལག་རྩལ་ཞིབ་སྤེལ་བྱེད་ཀྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས“ཐོག་མའི་གསར་གཏོད་རང་བཞིན་གྱི་ལག་རྩལ་དེ‘0’ནས‘1’བར་དང་ཚོད་ལྟ་ནས་གཞན་སྒྱུར་བྱེད་དགོས་པ་ལས་དཔྱད་རྩོམ་གྱི་དུས་མཚམས་སུ་སྡོད་མི་རུང་། རྗེས་སུ་ད་དུང‘1’རིང་དུ་གཏོང་བ་དང་དེར་སྐུལ་འདེད་གཏོང་དགོས”ཞེས་ཐུགས་སྣང་གཤིན་པོས་གསུངས།
རང་རྒྱལ་གྱི་བཟོ་ལས་འཕེལ་རྒྱས་དེ་སྔོན་ཆད་ཐོ་བ་རེ་རེ་བཞིན་རྡུང་བར་བརྟེན་ཞིང་། དེ་སྔ“ཕྱི་གླིང་གི་གཟེར”དང“ཕྱི་གླིང་གི་མེ་སྟག”སྤྱད་པའི་དབུལ་ཞིང་ཕོངས་པ་ནས་ད་ཆའི་བཟོ་ལས་མ་ལག་གི་བརྗིད་ཉམས་ལྡན་པའི་རྣམ་པའི་བར། ཚན་རྩལ་ཡར་ཐོན་བྱུང་བར་བརྟེན་ཐོན་ལས་ཁག་གཅིག་རྗེས་སུ་འབྲངས་ཐུབ་པ་མ་ཟད། སྣེ་ཁྲིད་ཐུབ་པའི་མཆོང་སྐྱོད་བྱུང་ཡོད།
ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཇི་ལྟར་འབྲེལ་མཐུད་བྱེད་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པས“ཡང་དག་པའི་ལམ་བུར་སླེབས་ན་དེའི་སྟེང་མུ་མཐུད་ནས་སྐྱོད་དགོས་པ”བརྒྱུད་སྤྲོད་བྱས་ཡོད།
“‘ལོ་ལྔ་ཚན་བཅུ་བཞི་པར’ཚན་རྩལ་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་དེ་ཐོག་ནས་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ནི་ཡང་དག་པ་ཞིག་ཡིན་པ་གསལ་བཤད་ཐུབ་པ་དང་ད་དུང‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། མུ་མཐུད་ཤུགས་སྣོན་རྒྱག་སྲིད”
ཐོན་ལས་ཀྱིས་དྲི་བ་བཏོན་པ་དང་ཚན་རྩལ་གྱིས་ལན་བཏབ་ཅིང་། ཚན་རྩལ་གྱིས་བཏབ་པའི་ལན་ནི་བརྗིད་ཆེའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་གི་གསར་གཏོད་ཀྱི་དྲི་བ་དང་སྤུས་ཚད་ཀྱི་དྲི་བ་རེད།
སྤྱི་ཁྱབ་ཧྲུའུ་ཅིས“ད་ལྟ་ང་ཚོས་འཐབ་ཇུས་རང་བཞིན་གྱི་མི་འདང་བའི་གནད་དོན་སྔར་ལས་མང་བ་ཐག་གཅོད་བྱེད་དགོས་པ་དང་། ‘སློང་མི་ཐུབ་པ་དང་། ཉོ་མི་ཐུབ་པ། ལེན་མི་ཐུབ་པ’བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཚན་རྩལ་གོང་དུ་སྤེལ་བར་མ་ལུས་ཀུན་ཚང་ཡོང་མི་སྲིད་པས་གནད་ཆེར་དམ་འཛིན་དང་གནད་མེད་ཟུར་འཇོག་བྱེད་དགོས། ‘གནད་ཆེར་དམ་འཛིན་བྱེད་པར’གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པའི་ཐད་གཞོལ་ཏེ་འཕྲལ་དུ་སྒྲུབ་དགོས་པའི་ལས་དོན་ཁ་གསལ་བཟོས་ནས་རྒྱང་ལྟའི་རང་བཞིན་གྱི་བཀོད་སྒྲིག་བྱེད་དགོས”ཞེས་གསུངས་ཡོད།
འབྲེལ་ཡོད་གསར་འགྱུར།