དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་ཕུལ་བ།

    རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ལ་དོ་སྣང་བྱ་ཡུལ་གང་དག་ཡོད་དམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-10

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་གལ་ཆེན་ཞིག་ཡིན།

    ད་ཐེངས་ཀྱི་ཚོགས་འདུར་འཆར་འགོད་ཁྲིམས་འཛུགས་དང་འཆར་འགོད་རྩོམ་བཟོའི་དུས་ཚོད་མཉམ་དུ་འཁེལ་བ་དེ་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

    བཟོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ལ་དོ་སྣང་བྱ་ཡུལ་གང་དག་ཡོད་དམ། དེའི་ཐད་གསར་འགོད་པས་འབྲེལ་ཡོད་འཐུས་མི་དང་ཨུ་ཡོན་དང་དེ་བཞིན་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་རེད།

    འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ་སོགས་ལས་དུས་འཁོར་ཧྲིལ་པོར་གཞི་འཛིན་སའི་ཁྲིམས་ཡོད་པ།

    དུས་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།

    ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་དུས་ཡུན་རིང་པོའི་ལག་ལེན་ཁྲོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ཏང་ཀྲུང་དབྱང་གིས་འཆར་འགོད་ཀྱི་གྲོས་འགོ་འདོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཆར་འགོད་རྩ་གནད་འཆར་ཟིན་བཟོ་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཞིབ་བཤེར་དང་ཆོག་མཆན་སྤྲད་རྗེས་སྤྱི་ཚོགས་ལ་ལག་བསྟར་བྱ་རྒྱུར་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་བཀོད་སྒྲིག་འཚོལ་ཞིབ་བྱས་ནས་གྲུབ་ཡོད།

    “ད་ཐེངས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དེ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་དེ་དག་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་སྟོན་ཐད་ནུས་པ་དེ་བས་ལེགས་པ་འདོན་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ཆེན་ལ་གཏམ་བཤད་བྱེད་མཁན་ལོའུ་ཆིན་ཅན་གྱིས་གསུངས།

    ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན་པའི་ཨུ་ཡོན་ཧྲང་ཝུན་ཅང་གིས། “རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་དུས་འཁོར་ཧྲིལ་པོའི་དོ་དམ་ལམ་སྲོལ་ལས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་གང་ལེགས་མངོན་པས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་དུ་འཕགས་པའི་ལེགས་ཆ་གནས་ས་ཡིན། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པ་དེ་དམངས་འཚོའི་བདེ་རྩ་ལེགས་གཏོང་དང་ཐད་ཀར་འབྲེལ་བ་ཡོད་ལ། ལས་ཞུགས་ཀྱི་ཡོང་འབབ་བགོ་བཤའ་དང་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་སོགས་མང་ཚོགས་ཀྱི་ཁེ་ཕན་གྱི་ཁྱབ་ཁོངས་དང་ཡང་འབྲེལ་བ་ཡོད”ཅེས་གསུངས།

    འཆར་འགོད་བཟོ་བའི་ཐད་རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་མཐའ་འཁྱོངས་བྱས་པ།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན། 1953ལོ་ནས་བཟུང་རང་རྒྱལ་གྱིས་ལོ་ལྔ་ཚན་གྱི་འཆར་འགོད(འཆར་གཞི)14བསྟུད་མར་བཟོས་ནས་ལག་བསྟར་བྱས་ཡོད། གཙོ་གནད་ཁྱབ་ཁོངས་དང་ལས་འགན་གལ་ཆེན་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཐད་སྔ་ཕྱིའི་གོ་རིམ་གཏན་འཁེལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

    ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དབུན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་འཐུས་མི་ཀྲང་ཀྲེན་ཧྥུང་གིས། “རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཟོ་བར་རྩེ་རིམ་ཇུས་འགོད་ཐད་རིགས་ཁག་གི་འཆར་འགོད་སྲིད་ཇུས་མཉམ་དུ་ཤུགས་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱིས་ཁྲིམས་འཛུགས་བརྒྱུད་རྒྱལ་ཁབ་ཀྱི་འཆར་འགོད་མ་ལག་ཁྲོད་ཀྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་སྤྱི་འདོམས་གནས་བབ་གཏན་འཁེལ་ཁ་གསལ་བྱས་ནས་རིམ་པ་ཁག་དང་རིགས་ཁག་གི་འཆར་འགོད་དེ་ངེས་གནས་གཏན་འཁེལ་དང་། དབྱེ་མཚམས་ཁ་གསལ། ནུས་པ་གསབ་རེས། གཅིག་གྱུར་སྦྲེལ་མཐུད་བཅས་ཀྱི་གོང་བུ་ཞིག་གྲུབ་པར་བྱེད་དགོས”ཞེས་གསུངས།

    ཐབས་ཇུས་དམངས་ལ་འདྲི་རྒྱུ་ནི་མི་དམངས་རང་ཁྱིམ་རང་བདག་མངོན་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

    ན་ནིང་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ཐད་དྲ་རྒྱ་བརྒྱུད་བསམ་འཆར་བསྡུ་ལེན་བྱས་ཤིང་། རིམ་རྩིས་བརྒྱབ་ན་དྲ་དམངས་ཀྱིས་བཏོན་པའི་བསམ་འཆར་ཁག་ཁྲི་311.3འབྱོར་ཡོད། ལེགས་སྒྲིག་བྱས་པ་བརྒྱུད། ཕྱོགས་27ཐད་ཀྱི་དགེ་མཚན་ལྡན་ལ་མཚོན་བྱེད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་ཁག་1500ལྷག་ཙམ་གྲུབ་ཡོད།

    རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཟོས་པ་དེ་ཐོག་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཁྲོད་ཡོངས་ཁྱབ་ཇུས་འདྲི་དང་བློ་གྲོས་གཅིག་སྡུད་ཐད་ཁྲིམས་སྐྱོང་འགན་ལེན་ནུས་ལྡན་བྱུང་བ་མཚོན་ཡོད།

    ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ལྟ་ཞིབ་ཀྲང་ཡིན་པའི་ཨུ་ཡོན་ལུའི་ཧུང་པིང་གིས། “ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཁྲོད་དམངས་གཙོ་དར་སྤེལ་གཏོང་བ་དང་། ཡོངས་ཁྱབ་ཇུས་འདྲི། བློ་བསྡུས་དགེ་འཚོལ་བཅས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་དང་སྲིད་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་ལྡན་པའི་མངོན་ཚུལ་དུ་གྱུར་ནས‘ཏང་དང་སྲིད་གཞུང་གིས་སྒྲུབ་པ’དང‘མི་སེར་གྱི་རེ་སྒུག’བསམ་སྤྱོད་གཅིག་མཐུན་བྱས་ཡོད”ཅེས་གསུངས།

    བཙན་ཐབས་གཅུན་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་ཁག་གི་འཆར་འགོད་འབྲེལ་བ་སྤྱི་འདོམས་མཐུན་སྦྱོར་བྱས་པ།

    རིམ་པ་ཁག་དང་རིགས་ཁག་གི་འཆར་འགོད་ཐད་བཅའ་ཁྲིམས་ཀྱི་འཆར་ཟིན་ནང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱིས་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་འཆར་འགོད་རྨང་གཞིར་བྱེད་པ། ཆེད་དོན་འཆར་འགོད་དང་ཁུལ་ཁོངས་འཆར་འགོད་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་དང་ས་གནས་ཀྱི་འཆར་འགོད་མཉམ་དུ་གྲུབ་སྟེ་ངེས་གནས་གཏན་འཁེལ་དང་། དབྱེ་མཚམས་ཁ་གསལ། ནུས་པ་གསབ་རེས། གཅིག་གྱུར་སྦྲེལ་མཐུད་བཅས་ཀྱི་རྒྱལ་ཁབ་འཆར་འགོད་མ་ལག་གཏན་འཁེལ་བྱས་ཡོད།

    འཐུས་མི་ཝང་ཧྲུའུ་མིང་གིས། བཅའ་ཁྲིམས་ཀྱི་བཙན་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཁ་གསལ་བཟོ་བ་དང་ཐོན་ཁུངས་བཀོད་སྒྲིག་གི་ལེགས་ཆ་གཏན་འཁེལ་བྱས་པས་དེ་སྔ་འཆར་འགོད་ཁག་དབར་ཐོན་སྲིད་པའི་སྣོལ་སྦྲེལ་བསྐྱར་ཟློས་དང་འགལ་ཟླ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་འཆར་འགོད་ཀྱི་མཉམ་ཤུགས་ཆགས་པའི་ངོས་འཛིན་གནང་བ་རེད།

    འཆར་འགོད་ཀྱི་དམིགས་ཡུལ་གཙོ་བོ་ནི་དོན་འཁྱོལ་དང་མངོན་འགྱུར་བྱ་རྒྱུ་དེ་ཡིན།

    “བཅའ་ཁྲིམས་འདིས་འཆར་འགོད་ཀྱི་བཙན་ཐབས་གཅུན་འདོམས་དང་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་་ཤུགས་ཆེར་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་ལས་དོན་པས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་ལས་དོན་ཁྲོད་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་དང་ལྷོད་གཡེང་དུ་གཏོང་བ། ཉེ་དགའ་གཡོ་ཟོལ་བྱེད་པའམ་ཡང་ན་ཁྲིམས་འགལ་བྱེད་སྤྱོད་གཞན་དག་བཅས་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད” ཨུ་ཡོན་ཧྲང་ཝུན་ཅང་གིས་བཅའ་ཁྲིམས་ལག་བསྟར་བྱས་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་དང་འོས་འགན་ལ་འཚམ་པའི་གཅུན་འདོམས་ལམ་སྲོལ་འཛུགས་པ་དང་བཅའ་ཁྲིམས་ཀྱི་བཙན་ཐབས་གཅུན་འདོམས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་དང་དམངས་འཚོའི་བདེ་རྩར་ཡུན་རིང་བརྟན་ལྷིང་གི་ཁྲིམས་སྐྱོང་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།