ཨུ་ཡོན་སྨན་སྐྱིད་མཚོ་མོས་གསུངས་དོན།
བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འོད་སྟོང་འཕྲོ་བའི་དུས་སྐབས་སུ་སླེབས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོ་ནི་བྱང་རྩྭ་ཐང་དུ་སྐྱེས་པ་དང་། སློབ་གྲྭ་ཐོན་རྗེས་ནག་ཆུ་སྙན་རོང་རྫོང་དུ་ལས་བགོས་བརྒྱབ།
“སྐབས་དེ་དུས་གྲོང་ཚོ་མང་པོ་ཞིག་ཏུ་གཞུང་ལམ་ཤར་གཏོང་ཐུབ་མེད་སྟབས་ངས་རྟག་པར་རྟ་བཞོན་ནས་ཤང་དང་གྲོང་ཚོར་ནད་ལྟ་བར་འགྲོ་གི་ཡོད། ཡུལ་མིར་ནད་ཕོག་ཚེ་རྟ་ལ་བསྐྱོན་ནས་ཆུ་ཚོད་བདུན་བརྒྱད་ཙམ་བསྐྱོད་མཐར་གཞི་ནས་ཐག་ཉེ་ཤོས་ཀྱི་སྨན་བཅོས་བྱེད་སར་སླེབས་ཀྱི་ཡོད”ཅེས་སྨན་སྐྱིད་མཚོ་མོས་གསུངས་པ་དང་། ཁོང་གིས། ད་ཆ་རྒྱལ་ཁབ་ཀྱིས་གཞི་རིམ་གྱི་སྤྱི་པའི་སྒྲིག་བཀོད་དང་སྨན་བཅོས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། དེ་སྔ་སྨན་པ་བསྟེན་པར་ས་ཐག་རིང་པོར་འགྲོ་དགོས་པ་དེ་ལོ་རྒྱུས་ལ་གྱུར་ཡོད། རྒྱུན་མཐོང་གི་ནད་གཞི་ཡུལ་དེའི་ཤང་གྲོང་འཕྲོད་བསྟེན་ཁང་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ད་དུང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་ཡུལ་དེའི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་པས། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལྡབ་གཅིག་ལྷག་ཙམ་རིང་དུ་ཕྱིན་ནས་ཞིང་འབྲོག་པའི་ཚེ་སྲོག་བདེ་ཐང་གི་དབང་ཆར་འགན་ལེན་བརྟན་པོ་བྱུང་ཡོད་ཅེས་གསུངས་པ་རེད།
བོད་ཀྱི་གསོ་བ་རིག་པའི་བྱ་གཞག་ཀྱང་འོད་སྟོང་འཕྲོ་བའི་དུས་སྐབས་སུ་སླེབས་ཡོད་ཅིང་། སྨན་སྐྱིད་མཚོ་མོས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཆེད་ལས་ཤེས་ལྡན་པ་ཁྲི་གཅིག་ལྷག་ཙམ་གསོ་སྐྱོང་བྱས་ཡོད། “ལུམས”ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམ་བྱའི་མིང་གཞུང་ནང་བཅུག་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།