དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ཀྲའོ་མེ་ཡིས་གསུངས་དོན།

    ཀྲུང་གོའི་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ལ་མི་དེ་བས་མང་བས་དགའ་པོ་ཡོང་བར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལིའུ་པོ་ཐུང་། ལི་ཤིན་དབྱི། སུན་ཧའེ་ཐེན།   |     སྤེལ་དུས།  2026-03-10

    གཅིག་ནི་རྒྱ་ཡིག་གི་ཡིག་ཁུངས་དྲ་བ་གསར་གཏོད་བྱེད་མཁན་གྱི“རྒྱ་ཡིག་ཨ་ཁུ་ལགས”ཡིན་པ་དང་། གཅིག་ཤོས་ནི་ཀྲུང་གོའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཨ་རིའི་གྲོགས་པོ་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨ་རིའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲའོ་མེ་ཡིས་རང་ཉིད་ལ་བག་ཆགས་ཟབ་ཤོས་བྱུང་བའི་གཏམ་རྒྱུད་གཉིས་མཉམ་སྤྱོད་བྱས་པ་རེད།

    “རྒྱ་ཡིག་ཨ་ཁུ་ལགས”ཞེས་པ་དེ་ལི་ཁྲ་ཏེ·ཤིས་སི་ལ་ཟེར་ཞིང་། ལོ་20ལྷག་ཙམ་གྱི་གོང་ཡི་གེ་གྲུ་བཞི་དེར་ཡིད་དབང་འཕྲོག་ནས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱ་ཡིག་ཞིབ་འཇུག་ལ་གཞོལ། ལོ་མང་རིང་ཁོང་གིས་རྒྱ་ཡིག་གི་ཡིག་ཁུངས་དྲ་བ་བཙུགས་ནས་རྒྱུན་འཁྱོངས་ལྷོད་མེད་ངང《ཐ་སྙད་གསལ་འགྲེལ》དང《རུས་བརྐོས་ཡི་གེ་ཕྱོགས་བསྒྲིགས》སོགས་དཔེ་དེབ་གྲངས་འཛིན་ཅན་ལ་འགྱུར་ཐུབ་པ་བྱས་ཡོད། ཀྲའོ་མེ་ཡིས་ངོ་སྤྲོད་གནང་དོན། དྲ་ཚིགས་དེའི་ནང་གནའ་བོའི་རྒྱ་ཡིག་གི་ཡིག་གཟུགས་ཁྲི་10ལྷག་ཙམ་བསྡུས་ཡོད་པ་དེ་དག་སྤྱོད་མཁན་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཁྱབ་ནས། ཀྲུང་གོའི་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ལ་མི་དེ་བས་མང་བས་དགའ་པོ་བྱེད་ཀྱི་ཡོད། གྲོགས་པོ་གཞན་ཞིག་ནི་ཨ་རིའི་ཀྲུང་གོའི་སྐོར་གྱི་རིགས་གཅིག་མཁས་ཅན་ཡིན་པ་དང་། ཁོང་གིས་ཀྲུང་གོར་ཞིབ་འཇུག་བྱེད་དགོས་ཚེ་ཀྲུང་གོའི་ས་ཆ་ཁག་ལ་མང་ཙམ་སྐྱོད་པ་དང་མང་ཙམ་བལྟས་ནས་མིག་མཐོང་ལག་ཟིན་བྱུང་བ་བདེན་པ་ཡིན་ཞེས་བརྗོད་ཀྱི་ཡོད།

    “སྤེལ་རེས་བྱས་པའི་དབང་གིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་གོ་སྐབས་བྱུང་བ་རེད། ཕན་ཚུན་དཔྱད་གཞིར་འཛིན་པའི་དབང་གིས་ཤེས་དཔལ་ལ་གཞི་ནས་མི་རབས་ནས་མི་རབས་བར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་ཡོད”“རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་མི་དམངས་དབར་གྱི་མཛའ་གྲོགས་ལ་ཐུག་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་རྣམ་པའི་ཐོག་ནས་འཛམ་གླིང་ལ་ཕྱོགས་ནས་ཤེས་དཔལ་མི་འདྲ་བར་ཕན་ཚུན་བསྟུན་མཁས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཏེ། ཐུན་མོང་ཐོག་མི་དམངས་དབར་འཆམ་མཐུན་དང་གཅིག་སེམས་གཅིག་འབྲེལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་ཀྲའོ་མེ་ཡིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།