དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ཝང་ཤོན་གྱིས་གསུངས་དོན།

    ས་མཐོའི་བརྗིད་ཉམས་ལྡན་པའི་རི་ཆུས་ལུས་སེམས་བདེ་བར་འགྱུར་གྱི་འདུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལིའུ་པོ་ཐུང་། ལི་ཤིན་དབྱི། སུན་ཧའེ་ཐེན།   |     སྤེལ་དུས།  2026-03-10

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཤོན་གྱིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་མཚོན་བྱེད་དུ་བྱེད་པའི་ས་མཐོའི་གསོ་རིག་མཁས་དབང་མཚོ་བོད་ས་མཐོར་གཞི་ཚུགས་ནས་ས་མཐོའི་གཅོང་ནད་ཀྱི་བརྟག་དཔྱད་ཚད་གཞི་དེ་རང་རྒྱལ་གྱི་ས་མཐོའི་གསོ་རིག་གི་རྒྱལ་སྤྱིའི་ཚད་གཞི་དང་པོར་གྱུར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    “ད་ཆ་མཚོ་སྔོན་དུ་རྒྱལ་ནང་གི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་པོ་དང་བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་ཆེ་གྲས་བསྐྲུན་པ་དང་། ས་བབ་སྨི་4600ཡི་ས་མཐོའི་གསོ་རིག་ས་གནས་ས་ཐོག་གི་ཞིབ་འཇུག་རྟེན་གཞི་དང་མཚོ་བོད་ས་མཐོའི་མིའི་རིགས་རྒྱུད་ཐོན་ཁུངས་ཀྱི་མ་དཔེའི་མཛོད་ཡོད་པས། གསོ་རླུང་ཉུང་སར་གོམས་འཕྲོད་དང་། ས་མཐོའི་ནད་འགོག་བཅོས། ནད་ཐོག་སྨན་བཅོས་ལག་རྩལ་གསར་གཏོད་སོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད”ཅེས་ཝང་ཤོན་གྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།