དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་ཀྱི་བུད་མེད་འཐུས་མིས“བུད་མེད་ཀྱི་སྟོབས་ཤུགས”ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པཱ་ཞི་ལི་ཡ་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། འབོ་གསེར་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་བུད་མེད་འཐུས་མི་བརྒྱ་ཕྲག་ཁ་ཤས་པར་ཙིར་གྱི་རྒྱལ་ས་པཱ་ཞི་ལི་ཡ་རུ་འཛོམས་ནས། 2026ལོའི་བུད་མེད་ཁེ་ལས་མཁས་ཅན་གྱི་གླེང་སྟེགས་ལ་ཞུགས་ཏེ་ལག་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། དེ་བཞིན་དཔལ་འབྱོར་ཕྱོགས་སྒྱུར་བཅས་ཁྲོད་ཀྱི་བུད་མེད་ཀྱི་གོ་སྐབས་དང་འགྲན་སློང་ལ་གྲོས་བསྡུར་བྱས་པ་རེད།

    གླེང་སྟེགས་དེ“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་སྔ་ནུབ་ཏུ་འཚོགས་ཤིང་། དེའི་ནང་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། ཆེད་དོན་གླེང་མོལ། ཚོང་ལས་སྦྲེལ་མཐུད་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་བུད་མེད་འཐུས་མི་མང་པོས་ཉམས་མྱོང་མཉམ་སྤྱོད་བྱས་ནས། བུད་མེད་ཁེ་ལས་མཁས་ཅན་ཚོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྟུན་མཁས་རང་བཞིན་ཆེར་སྐྱེད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པའི་ནན་བཤད་བྱས་པ་རེད།

    འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བཟོ་ཚོང་མནའ་འབྲེལ་གྱི་པར་ཙིར་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མོ་ཉི་ཁཱ·མོང་ཐའེ་ལུའོ་ཡིས། གྲངས་འཛིན་དཔལ་འབྱོར་དང་ཐོན་ལས་རིམ་སྤོར་གྱི་རྒྱབ་ལྗོངས་འོག རྒྱལ་སྒྲོལ་མཉམ་ལས་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཚེ། བུད་མེད་རྣམས་རྒྱལ་སྤྱིའི་ཚོང་དོན་དང་ཚན་རྩལ་གསར་གཏོད་ལ་དེ་བས་གཏིང་ཟབ་ཞུགས་པར་སྐུལ་འདེད་ཐེབས་ནས། བུད་མེད་ཀྱི་འགོ་ཁྲིད་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།