དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཀྲུང་གོ་དང་ཨུ་རུ་སུའི་སན་ཡ་གླེང་མོལ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-10

    ཟླ་3ཚེས་3དང་4ཉིན། 2026ལོའི་ཀྲུང་གོ་དང་ཨུ་རུ་སུའི་སན་ཡ་གླེང་མོལ་ཧའེ་ནན་སན་ཡར་འཚོགས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་དང་། ཕྱི་འབྲེལ། ཇུས་འདོན་ཚོགས་པ། སྨྱན་སྦྱོར། ཁེ་ལས་སོགས་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་གྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་རྒྱལ་སྤྱིའི་གླེང་མང་བའི་གྲོས་གཞིར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ཐུན་མོང་ཐོག་ལག་བསྟར། ཕྱོགས་མང་རིང་ལུགས་ངོ་མར་སྲུང་སྐྱོང་སོགས་ཀྱི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད།

    “ཀྲུང་གོ་དང་ཨུ་རུ་སུའི་སན་ཡ་གླེང་མོལ”2024ལོར་ཐོག་མར་འཚོགས་པ་དང་། དེའི་དམིགས་ཡུལ་ནི་ལམ་སྲོལ་ཅན་གྱི་ཀྲུང་གོ་དང་ཨུ་རུ་སུའི་ཇུས་འདོན་ཚོགས་པའི་སྤྱི་པའི་ཕྱི་འབྲེལ་དང་འཐབ་ཇུས་ཀྱི་གླེང་མོལ་ལས་སྟེགས་བསྐྲུན་རྒྱུ་དེ་རེད། བྱེད་སྒོ་དེ་ཀྲུང་གོའི་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་དང་། ཨུ་རུ་སུའི་རྒྱལ་སྤྱིའི་ལས་དོན་ཨུ་ལྷན། པེ་ཅིང་གླེང་མོལ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་གིས་རིག་གཞུང་ཐད་ཀྱི་རྒྱབ་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།