མཛངས་མའི་ཉམས་བཟང་ཡོངས་སུ་མངོན།

ཟླ་3ཚེས་7ཉིན། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས“དོན་དངོས་བསྒྲུབས་ནས་རྣམ་པ་གསར་པ་གཏོད། བུད་མེད་མཛངས་མས་བྱས་རྗེས་གསར་པ་འཇོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

ཟླ་3ཚེས་7ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཁམ་བུའི་མེ་ཏོག་བཞད། མཛངས་མའི་ཉམས་བཟང་ངོམ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་འགྲན་ཞུགས་བདམས་ཐོན་པས་ཕིང་ཕང་སྤོ་ལོ་རྩེ་བཞིན་པ།

ཟླ་3ཚེས་6ཉིན། མལ་གྲོ་གུང་དཀར་རྫོང་གིས་རུ་ཐོག་གངས་ཤུད་ར་བར་བརྗོད་དོན་གཙོ་བོའི་གངས་ཤུད་ཉམས་ལེན་བྱེད་སྒོ་སྤེལ་ཞིང་། འདི་ནི་བུད་མེད་ལས་བྱེད་ལས་བཟོ་ཚོས་གངས་ཤུད་ལུས་རྩལ་ཉམས་ལེན་བྱེད་བཞིན་པ།
“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས་116པར། རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཤིང་ངོ་མཚར་ཆེ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། འཁྲུག་ཆ་དོད་པའི་དུས་ཆེན་གྱི་རྣམ་པ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།