དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་ལུའུ་ཧའེ་ཝུའེ་ཡིས་གསུངས་དོན།

    ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-09

    མིག་སྔར། རང་རྒྱལ་འདི་ཉིད་2030ལོའི་གོང་ཐཱན་རྩེར་སོན་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དུས་སུ་སླེབས་ཡོད། ཧེ་ལུང་ཅང་གིས་ཐཱན་རྩེར་སོན་ལ་སྐུལ་འདེད་གཏོང་རིང་ལེགས་ཆ་མངོན་གསལ་དོད་པོ་མངོན་ཡོད། རྒྱལ་ཁབ་གློག་དྲ་ཧེ་ལུང་ཅང་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིས་ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བར་གཞི་ཚུགས་ནས། ཐཱན་གྱི་ལས་སྒོའི་མ་ལག་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་ཏེ། ས་ཁོངས་ཀྱི་ཐཱན་རྩེར་སོན་ལ་ལག་རྩལ་དང་གྲངས་གཞིའི་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།

    ང་ཚོས་དར་རྒྱས་གོང་འཕེལ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། གློག་དྲའི་བྱེད་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཁུར་ནས་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་འཛུགས་པ་དང་། ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྱོང་ལ་ཞབས་འདེགས་ཞུས་ཏེ། ཐཱན་རྩེར་སོན་ལ་སླེབས་པར་རམ་འདེགས་བྱེད་ཀྱི་ཡིན། གཙོ་གནད་ས་ཁོངས་སུ་ལྗང་མདོག་རྩིས་ནུས་ལྟེ་གནས་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱས་ནས། ནུས་རྒྱུ་གསར་པ་ས་གནས་དེ་གར་འདྲེན་སྤྱོད་བྱེད་ནུས་ཆེ་རུ་གང་ལེགས་གཏོང་བ་དང་། གྲངས་འཛིན་ཐོན་ལས་ལྗང་མདོག་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ནུས་རྒྱུ་གསར་པའི་འདྲེན་སྤྱོད་བྱེད་སྟངས་གསར་པ་དང་ལས་རྣམ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།