འཐུས་མི་ཅི་པིང་ཝེ་ཡིས་གསུངས་དོན།
ཡུལ་བབ་དང་བསྟུན་ནས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་ནའང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཐུབ། འུར་སྒྲོག་ཆེན་པོ་དང་། འུར་ཐེངས་གཅིག་གིས་བྱེད་འགོ་ཚུགས་པ། འུར་ཐེངས་གཅིག་གིས་བྱེད་མཚམས་འཇོག་པ་བཅས་མི་བྱེད་པར། ངེས་པར་དུ་རང་རང་གི་ཡུལ་བབ་དང་བསྟུན་ནས་སོ་སོའི་དགེ་མཚན་ལྡན་པར་བྱེད་དགོས། “ཧོ་ནན་གྱིས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་སར་མཐའ་འཁྱོངས་བྱེད་ཀྱི་ཡོད” ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་འཐུས་མི་ཅི་པིང་ཝེ་ཡིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཧོ་ནན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་རང་ངོས་ཀྱི་ངེས་གནས་གཏན་འཁེལ་ཡང་དག་བྱས་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་འཕར་རིམ་སྤོར་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱེད་བཞིན་ཡོད། ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག་འདོན་པར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ཀྱི“གཞི་གདན”སྤུས་འཕར་རིམ་སྤོར་བྱེད་པ་དེ་ཁྲིམས་སྲོལ་གྱི་ཚད་གཞིའི་གཙོ་གནད་དུ་བརྩིས་ནས། “རྙིང་ཁུངས་མིང་ཅན”སོགས་ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་དང་གྲངས་འཛིན་སྒྱུར་བཀོད་བྱས་ཐོག “སྡོང་རྒན་ལ་མྱུ་གུ་གསར་པ”འབུས་པར་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཀྱི་ཡིན་ཞེས་གསུངས།
འཐུས་མི་ཅི་པིང་ཝེ་ཡིས། གོམ་སྟབས་རྗེས་མར། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་བཏོན་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་དང་དེའི་ནང་ཞུགས་པ་སོགས་ཀྱི་གྲོས་དོན་ལ་དམིགས་ནས་ལྟ་སྐུལ་བྱས་ཏེ། ལྟ་སྐུལ་གྱི་བཙན་དབང་རང་བཞིན་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་འབྲེལ་ཡོད་ལས་དོན་གྱི་འཕྲལ་དང་ཕུགས། ཁུལ་གཅིག་དང་ཁྱོན་ཡོངས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཧེ་བག་འགོག་ཟོན་དང་ཡོ་བཅོས་ནུས་ལྡན་བྱེད་ཀྱི་ཡིན་ཞེས་གསུངས།
འབྲེལ་ཡོད་གསར་འགྱུར།