ཨུ་ཡོན་མུའུ་ཡ་སེར·ཐུའོ་ཧུའུ་ཐི་ཡིས་གསུངས་དོན།
ཤིན་ཅང་གི་གཞོན་ནུ་དེ་བས་མང་བ་ཁྱིམ་གྱི་སྒོ་རྩར་སློབ་ཆེན་འགྲིམ་བཞིན་ཡོད།
2025ལོ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཤིན་ཅང་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་མུའུ་ཡ་སེར·ཐུའོ་ཧུའུ་ཐི་ཡིས“ཚོགས་འདུ་གཟབ་རྒྱས་འདིར་ཞུགས་པའི་གོ་སྐབས་བྱུང་བར་ང་ལ་སྤོབས་པ་དང་དྲིན་ཚོར་གྱི་བསམ་པ་ཤུགས་ཆེན་སྐྱེས་བྱུང”ཞེས་གསུངས།
ཐེན་ཧྲན་རི་བོའི་ལྷོ་བྱང་གི་འགྱུར་ལྡོག་སྐོར་གླེང་སྐབས། མུའུ་ཡ་སེར·ཐུའོ་ཧུའུ་ཐི་ཡིས“ཀྲུང་གོ་གསར་པ་དབུ་བརྙེས་ཙམ་ལ། ཤིན་ཅང་ཡོངས་སུ་མཐོ་སློབ་གཅིག་ལས་མེད་ནའང་། ད་ཆ་ཤིན་ཅང་དུ་མཐོ་སློབ་ཁག་66ཡོད”ཅེས་གསུངས།
མུའུ་ཡ་སེར·ཐུའོ་ཧུའུ་ཐི་ཡིས། ན་ནིང་ཤིན་ཅང་གིས་སྤྱིར་བཏང་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་ཁྲི་23.3ཙམ་བསྡུས་པ་དག་ནུས་རྒྱུ་དང་། སྨན་རྫས། ཞིང་ལས། ཆ་འཕྲིན་ལག་རྩལ། རིག་གནས་དང་ཡུལ་སྐོར། སྒྱུ་རྩལ་སོགས་ཀྱི་ཆེད་ལས་ཁག་ལ་བཀོད་སྒྲིག་བྱས་པ་དེ་ཤིན་ཅང་གི་ཐོན་ལས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་བྱུང་བ་མ་ཟད། ལས་རིགས་སློབ་གསོའང་གང་སར་ཁྱབ་ཐུབ་པ་བྱུང་ཡོད། “ད་ཆ་ཤིན་ཅང་གི་གཞོན་ནུ་དེ་བས་མང་བས་སློབ་གསོར་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་། རྩལ་ནུས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཡོང་བར་བྱས་ཏེ། ཁྱིམ་གྱི་སྒོ་རྩར་སློབ་ཆེན་འགྲིམ་བཞིན་ཡོད”ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།