དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་ལེང་ཡིའུ་པིན་གྱིས་གསུངས་དོན།

    བདེ་ཐང་གི་འཛད་སྤྱོད་དགོས་མཁོ་དེ་བས་གང་ལེགས་སྐོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-09

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “བདེ་ཐང་གི་ཀྲུང་གོ་གང་མགྱོགས་སྐྲུན་དགོས་པའི”གལ་ཆེའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད། བདེ་ཐང་གི་ཀྲུང་གོ་མགྱོགས་མྱུར་སྐྲུན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཧེ་ལུང་ཅང་ཧྥེ་ཧུང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་འཐུས་མི་ལེང་ཡིའུ་པིན་གྱིས། བདེ་ཐང་ནི་འཕེལ་རྒྱས་ཀྱི་དམིགས་ཚད་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་འདེགས་སྐྱོར་ཡང་ཡིན་ཞིང་། རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་བྱུང་ན་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་ཆོག་པའི་མི་ཤུགས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་ལ། ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་འགྲོ་བར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    མིག་སྔར། འཛད་སྤྱོད་ཁྲོམ་ར་ཟམ་མི་ཆད་པར་འཕེལ་རྒྱས་དང་མི་འབོར་གྱི་གྲུབ་ཆར་འགྱུར་ལྡོག་འགྲོ་བ་དང་སྦྲགས། རང་རྒྱལ་གྱི་བདེ་ཐང་དགོས་མཁོ་གཅིག་སྡུད་ཐོག་ཆེ་རུ་འགྲོ་བཞིན་ཡོད། རིམས་འགོག་མ་ལག་གམ་ཤ་གནད་དང་རུས་ཀྲང་གི་རྨང་གཞིའི་འདེགས་སྐྱོར་ཡིན་པའི་སྒོ་ངའི་སྤྲི་དཀར་འདང་ངེས་དང་སྤུས་ལེགས་བཟའ་རྒྱུ་ནི་དེ་བས་འགག་རྩ་རེད། འཐུས་མི་ལེང་ཡིའུ་པིན་གྱིས། བཟའ་བཅའི་འཚོ་བཅུད་ཇི་ལྟར་གསབ་མིན་ལ་ཁྲིད་སྟོན་དང་ཤེས་ཚོར་ཟབ་ཏུ་བཏང་ནས་ཧེ་བག་ཅན་གྱི་བཟའ་བཅའི་ཕྱོགས་སྟོན་བཟོ་བ་སོགས་བརྒྱུད། ལོ་ཚོད་མི་འདྲ་བའི་མི་ཚོགས་ཀྱི་ཧེ་བག་ཅན་གྱི་དགོས་མཁོ་དེ་བས་གང་ལེགས་སྐོང་བ་དང་དུས་མཚུངས། རྒྱལ་ནང་གི་སྤྲི་དཀར་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཐོག ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་རྒྱབ་སྐྱོར་དང་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།