དབྱིན་ཇིའི་ལོ་ངོ་སྟོང་གི་སོན་མཛོད་དུ་རི་སྐྱེས་རྩི་ཤིང་གི་སོན་སྣ་ཁ་ཁྲི་4ལྷག་ཙམ་བསྡུ་ཉར་བྱས་པར་གོ་ལ་ཧྲིལ་པོའི་རྩི་ཤིང་སྐྱེ་དངོས་ཀྱི་སོན་ཉར་ཚད་16%ལྷག་ཙམ་ཟིན་པ།

འདི་ནི་དབྱིན་ཇིའི་ལོ་ངོ་སྟོང་གི་སོན་མཛོད་ཀྱི་ཕྱིའི་བཀོད་པ་ཡིན་པ།

འདི་ནི་ཚན་ཞིབ་པས་སོན་གྲང་མཛོད་ནང་འཇོག་བཞིན་པ།

འདི་ནི་ཤེལ་སྡེར་ནང་འབུས་པའི་མྱུ་གུ་ཡིན་པ། (གོང་གི་པར་རིས་ཚང་མ་དབྱིན་ཇིའི་ལོ་ངོ་སྟོང་གི་སོན་མཛོད་ནས་མཁོ་འདོན་བྱས)
ཀྲུང་གོའི་ཡུན་ནན་གྱི་རི་སྐྱེས་ངང་ལག་དང་། ཁེན་ནི་ཡའི་ཐན་བཟོད་ཕྱུགས་རྩྭ། དབྱིན་ཇིའི་ཡུལ་དེ་གའི་རི་སྐྱེས་མེ་ཏོག་དང་རྩྭ་སོགས་དབྱིན་ཇིའི་ལྷོ་རྒྱུད་ཀྱི་ཝེ་ཁེ་ཧོ་སི་ཐེ་རྩི་ཤིང་ལྡུམ་རའི་ནང་འཛམ་གླིང་གི་རི་སྐྱེས་རྩི་ཤིང་གི་སོན་མཛོད་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་དབྱིན་ཇིའི་ལོ་ངོ་སྟོང་གི་སོན་མཛོད་གནས་ཡོད། 2000ལོར་སྐྲུན་འགོ་ཚུགས་ཚུན། སོན་མཛོད་དེས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་རི་སྐྱེས་རྩི་ཤིང་སྣ་ཁ་ཁྲི་4ལྷག་ཙམ་གྱི་སོན་དུང་ཕྱུར་25ལྷག་ཙམ་བསྡུ་ཉར་བྱས་ནས་གོ་ལ་ཧྲིལ་པོའི་རྩི་ཤིང་སྐྱེ་དངོས་ཀྱི་སོན་ཉར་ཚད་16%ཙམ་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག དེས་གོ་ལ་ཧྲིལ་པོའི་ཚན་ཞིབ་སྒྲིག་གཞི་275དང་མཉམ་ལས་དྲ་རྒྱ་བཙུགས་ནས་སོན་བརྗེ་རེས་དང་། ལག་རྩལ་གསོ་སྦྱོང་། མཉམ་འབྲེལ་ཞིབ་འཇུག་བཅས་བྱས་པ་བརྒྱུད་སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་བཙུགས་ཡོད་པ་རེད། ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པ་ཚེ་སྲོག་གི“ནོ་ཡའི་གྲུ་ཆེན”དུ་བསྐྱོད་དེ་སོན་ཉར་ཚགས་དང་འབྲེལ་བའི་ཚན་རིག་དང་ལས་འགན་འཚོལ་ཞིབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།