དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དཔྱིད་ཀར་རེ་བས་ཁེངས། རྒྱང་ལམ་དེ་བས་ཡངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-09

    དུས་ཚོད་ཀྱི་བརྡ་རྟགས་ལོ་རྒྱུས་ཀྱི་གནས་ཚད་གསར་པར་གཏད་ཅིང་། 2026ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིང་དུ་མཉམ་འཛོམས་གནང་ཞིང་། དེ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཆེའི་འཆར་འགོད་འགོ་ཚུགས་པའི་དཔྱིད་ཀ་ཞིག་ཡིན་ལ། མི་རིགས་བསྐྱར་དར་གྱི་འགག་རྩའི་བརྒྱུད་རིམ་ལ་ལྕག་སྐུལ་བྱེད་པའི་དུས་ཤིག་ཀྱང་ཡིན།

    རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་ཕྱོགས་ནས་ཀྲུང་གོས་ཁ་ཕྱོགས་གཏན་འཁེལ་དང་། རླབས་གཤགས་མདུན་སྐྱོད། ངེས་ཤུགས་ལ་བརྟེན་ནས་འགག་སྒྲོལ། དངོས་སྒྲུབ་ལ་བརྟེན་ནས་འགོ་བརྩམས་པ་བཅས་བྱས་ཡོད།

    གཟིགས་བྱུང་ངམ། འདི་ནི་འབད་འབུངས་མདུན་སྐྱོད་ཀྱི་ཀྲུང་གོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རྣམ་པ་ཞིག་ཡིན། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁ་ནས་ཚ་ཚ་འུར་འུར་གྱི་འཁོར་ཁང་བར་དང་། གསར་གཏོད་ཀྱི་གཡུལ་ས་ནས་སྒོ་དབྱེའི་མཐོ་སའི་བར་འཐུས་མི་དང་ཨུ་ཡོན་ཚོས་ས་གནས་ཁག་གི་འདུན་པ་དང་མི་དམངས་ཀྱི་རེ་སྒུག་གི་གྲོས་འགོ་བསྣམས་ནས་ལག་ལེན་བརྒྱུད་རྒྱལ་སྐྱོང་གི་ཐབས་ཇུས་བཟང་པོར་འགྱུར་བ་བྱེད་བཞིན་ཡོད། བློ་གྲོས་གཅིག་མཐུན་གྱི་འོད་ཟེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་གོམ་སྟབས་ལ་འཕྲོས་བཞིན། དེ་ནི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་140ཡི་འགག་སྒོ་ཆེན་པོ་ལས་བརྒལ་བའི་གཞི་རྩ་བརྟན་པོ་ཞིག་དང་། དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་45ལས་ཐོག་མར་བརྒལ་བའི་སྙུགས་ཤེད་སྟོབས་ཆེན་ཞིག གསར་གཏོད་ཀྱི་སྟོན་གྲངས་ཐེངས་དང་པོར་གོ་ལ་ཧྲིལ་པོའི་མདུན་གྲལ་བཅུའི་གྲས་སུ་ཚུད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་བཅས་རེད། འཕར་བའི་གྲངས་གཞི་ལས་མདུན་སྐྱོད་ཀྱི་སེམས་ཤུགས་འཕེལ་བ་དང་དམངས་ཀྱི་འདུན་པ་བསྒྲུབས་པ་མཚོན་ཡོད།

    གསན་བྱུང་ངམ། འདི་ནི་མདུན་སྐྱོད་བྱེད་བཞིན་པའི་ཀྲུང་གོའི་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་རེད། དཔྱིད་གསར་དུས་ཆེན་གྱི་ཉིན་དགུའི་གུང་གསེང་རིང་། མི་རྣམས་ཕ་ཡུལ་དུ་དགའ་སྤྲོའི་ངང་ལོ་གསར་གཏོང་བར་བསྐྱོད་ཅིང་། ཕྱོགས་ཁག་ཏུ་འགྲུལ་བཞུད་བྱེད་མཁན་མི་ཐེངས་དུང་ཕྱུར་28.08ཟིན་ཡོད། ལོ་གསར་ཀྱི་མཁོ་ཆས་ཉོས་ནས་ཕ་ཡུལ་དུ་ལོག་པའི་རྣམ་པ་དང་། ལས་སྒོ་བསྐྱར་ཚུགས་ཁྲོད་ཀྱི་ངར་ཤུགས་ཆེན་པོ། ཟོག་འགྲེམས་ཀྱི་འཕར་རྩ་ཆེན་པོ་ཐོགས་མེད་ཤར་གཏོང་། ཆ་འཕྲིན་གྱི་མྱུར་ཚད་མགྱོགས་པ་སོགས་རྒྱལ་ཁབ་ཆེན་པོའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ལས་འགོག་ཐབས་མེད་པའི་མདུན་སྐྱོད་ཀྱི་སྟོབས་ཤུགས་ཤིག་གྲུབ་ཡོད།

    ཚོར་བྱུང་ངམ། འདི་ནི་དྲོ་སྐྱིད་ལྡན་པའི་ཀྲུང་གོའི་དམངས་འཚོའི་གཞི་རྩ་ཞིག་ཡིན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྒྲུབ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། རྒན་རྒོན་ལ་ནད་གཡོག་རྒྱུག་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པས་རྒས་དུས་འཚོ་བརྟེན་ཡོད་པར་དེ་བས་གཏིང་ཤུགས་ལྡན་པ་དང་། བུ་གསོའི་ཁ་གསབ་དངུལ་དང་སློབ་ཞུགས་གོང་གི་ལོ་གཅིག་སློབ་ཡོན་རྩ་ཆག་གི་སློབ་གསོ་སོགས་ཀྱི་སྲིད་ཇུས་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པས། བུ་བཙའི་ལས་དོན་ལ་སྔར་བས་རྒྱབ་སྐྱོར་ཐུབ་པ། སྟབས་བསྟུན་ལས་ཞུགས་དང་ལས་ཀ་རག་མ་ཐག་པའི་ངལ་རྩོལ་པའི་ཁེ་དབང་ལ་དེ་བས་འགན་ལེན་བྱུང་བ། གྲོང་ཁྱེར་གསར་སྐྲུན་བྱས་པས་འཚོ་བའི་བར་མཐོངས་དེ་བས་རྒྱ་ཆེར་ཕྱིན་པ་བཅས་ལས་ཁྱིམ་ཚང་ཆུང་ངུའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་དང་རྒྱལ་ཁབ་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།

    རྟོགས་བྱུང་ངམ། འདི་ནི་དམངས་གཙོའི་ཀྲུང་གོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རྒྱལ་ཇུས་མཉམ་གྲོས་བྱ་ཡུལ་ཞིག་ཡིན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་མངོན་ས་ཞིག་ཀྱང་ཡིན། ད་ལོའི“དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཤོས”ནི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱིས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་གྲོས་འགོ་བསྡུ་ལེན་དང་དམངས་ཀྱི་འདོད་བློ་དང་བསྟུན་ནས་ལག་བསྟར་བྱས་པ་ཞིག་རེད། དམངས་ཀྱི་གནས་ཚུལ་བཀོད་པའི་ཟིན་དེབ་ནས་ནང་དོན་ཟབ་ཅིང་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་བར་དང་། གཞི་རིམ་གྱི་དོན་གྲོས་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ་ནས་རྒྱལ་ཁབ་ཀྱི་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བའི་བར་དམངས་གཙོར་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུས་ཡོད།

    དཔྱིད་ཀར་རེ་བས་ཁེངས། རྒྱང་ལམ་དེ་བས་ཡངས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་གོང་བུ་གཅིག་ཏུ་སྒྲིལ་བའི་གདེང་ཚོད་དང་སྟོབས་ཤུགས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་ཐུབ་ངེས་རེད།

    དམངས་ཀྱི་འཚོ་བར་བརྩེ་སེམས་བཅངས། མི་རིགས་བསྐྱར་དར་ལས་ལ་གཞོལ། ང་ཚོས་རེ་བས་ཕྱུག་པའི་དཔྱིད་ཀ་དང་དམིགས་སར་ཕྱོགས་ནས་མདུན་སྐྱོད་ཀྱི་ལམ་དུ་བཞུད་ཅིག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།