དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན།

    ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-09

    ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། དམག་དཔུང་བཙུཌ་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་པ་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བར། ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་མཆོག་གལ་ཆེན་དེ་མཐའ་འཁྱོངས་ཡག་པོ་དང་། བེད་སྤྱོད་ཡག་པོ་གཏོང་བ། འཕེལ་རྒྱས་ཡག་པོ་བཅས་བཏང་ནས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་འབྲེལ་དེར་ཤུགས་སྣོན་ཡང་རྒྱག་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་སུན་ལེ་དང་། ཀྲོའུ་ཧྥུན། ཐང་ཝུའུ་ཞང་། ཧའོ་ཅིང་ཝུན། ཅང་ཞའོ་ཏུང་། ཀྲུའུ་གཡོད་མེང་བཅས་འཐུས་མི་6གིས་སྔ་རྗེས་སུ་གཏམ་བཤད་གནང་སྟེ། དམག་དཔུང་དང་ས་གནས་བརྒལ་བའི་ཁྲིམས་སྒྱུར་རོགས་ལས་དང་། ཏང་རྩ་འཛུགས་ཀྱིས་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་འགོ་ཁྲིད། དམག་དོན་ཤེས་ལྡན་པ་གསོ་སྐྱོང་། སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པ་སྐྱེད་སྲིང་དང་བེད་སྤྱོད། སྲོལ་རྒྱུན་བཟང་པོ་དར་སྤེལ། དཔེ་མཚོན་གསོ་སྐྱོང་འཛུགས་གཏོད་དྲིལ་བསྒྲགས་དང་སློབ་སྦྱོང་བེད་སྤྱོད་སོགས་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ཆེན་པོས་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་བཏང་བ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དམག་དཔུང་ནི་མེ་མདའ་འཁྱེར་མཁན་ཞིག་ཡིན་པས། དམག་དཔུང་ཁྲོད་དུ་ཏང་ལ་བློ་ཁ་གཉིས་གཏད་བྱེད་མཁན་ཡོད་ན་འགྲིག་ཐབས་གཏན་ནས་མེད་པ་དང་། རུལ་སུངས་པར་གབ་ས་ཡིབ་ས་གཏན་ནས་ཡོད་མི་རུང་ལ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་མ་ཐག་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་ལམ་སྲོལ་བརྟན་པོར་འཛུགས་པ་དང་། མ་དངུལ་གཏོང་ཕྱོགས་དང་། དབང་ཆ་འཁོར་རྒྱུག སྤུས་ཚད་ལ་དོ་དམ་ཚོད་འཛིན་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་རྣམ་གྲངས་གལ་ཆེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དཔུང་དང་ས་གནས་ཀྱིས་མཉམ་འདྲེས་ངང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྟ་སྐུལ་དོ་དམ་གྱི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱེད་པར་འགན་ལེན་བྱེད་དགོས། དམག་གྲོན་སྔོན་རྩིས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། དམག་གྲོན་མཁོ་སྤྲོད་དང་དགོས་མཁོ་སྟབས་བསྟུན་དོ་སྙོམས་ཡག་པོ་ཡོང་བར་བྱེད་པ། གྲོན་དངུལ་བེད་སྤྱོད་ཀྱི་འཁོར་འབྲེལ་ཧྲིལ་པོར་དོ་དམ་ཚོད་འཛིན་དང་བྱས་འབྲས་ལ་ཚོད་སྐོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་ཚང་མ་ཁ་ཚ་དགོས་གཏུགས་སར་སྤྱོད་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་རིམ་ཁག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་སྐུལ་སྤེལ་ལ་བརྟེན་དགོས། རང་རེའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་ཏང་ཨུད་ཀྱི་ཚན་ཁག་ལེགས་འདེམས་ཧྲག་བསྐོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་རང་ཚུགས་ངང་འཛུགས་སྐྲུན་ལ་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས། ཏང་གིས་དམག་དོན་ལ་དོ་དམ་དང་། ཏང་གིས་ལས་བྱེད་པར་དོ་དམ། ཏང་གིས་ལས་རིགས་ལ་དོ་དམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཐབ་ཇུས་གཏན་འབེབས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ལས་འགན་གལ་ཆེན་འགག་སྒྲོལ་བྱེད་པ་དང་། མངོན་གསལ་དོད་པའི་འགལ་ཟླ་སེལ་བ། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་འགོ་ཁྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། གསར་བརྗེ་ཅན་དང་ཆེད་ལས་ཅན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་བསྲིང་ལྷོད་མེད་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དཔོན་དམག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་གོ་མཚོན་སྒྲིག་ཆས་དག་གསར་བརྗེ་ཅན་གྱི་ཤེས་ལྡན་པའི་དཔུང་ཁག་གི་ལག་ཏུ་འཛིན་ཐུབ་པར་འགན་ལེན་བྱེད་དགོས། ཤེས་ལྡན་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ཆ་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་དང་། རྣམ་པ་གསར་མའི་དམག་འཐབ་ཀྱི་སྟོབས་ཤུགས། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་བཅས་ཀྱི“ཤེས་ལྡན་པ་རིགས་བཞི”གསོ་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ། མིའི་ནུས་པ་དང་བྱང་ཚད་དེ་དམག་དཔུང་སྟོབས་ཆེན་གྱི་ལག་ལེན་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས།

    ཞི་ཅིན་ཕིང་གིས། རང་རེའི་ཏང་དང་རང་རེའི་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་དཔེ་མཚོན་གསོ་སྐྱོང་དང་བསྔགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་ཐུབ་པ་དང་སྲོལ་གསར་སྤྱོད་བཟང་དེ་བས་དར་སྤེལ་ཐུབ་པར་བྱེད་དགོས། གཞི་རིམ་དེ་ཉིད་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པའི་ཞིང་ས་གཤིན་པོ་ཞིག་ཏུ་བརྩིས་ཏེ། དུས་བབ་གསར་པའི་འོག་གཞི་རིམ་འཛུགས་སྐྱོང་གི་ཆོས་ཉིད་དང་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཆབས་ཅིག རྩ་བར་དོ་དམ་དང་། ཕུགས་ལ་ཕན་པ། སྙུགས་ཤེད་འཕེལ་བ་བཅས་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱེད་པར་མཐོང་ཆེན་བྱས་ནས། དམག་དཔུང་འཛུགས་སྐྱོང་དང་འཐབ་ནུས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིན་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།