རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མིའི་གྲོས་འགོ་སྒྲུབ་སྤྲོད་ཚོགས་འདུ་འཚོགས་པ།
ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མིའི་གྲོས་འགོ་སྒྲུབ་སྤྲོད་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་གྱིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཐུས་མིའི་བསམ་འཆར་དང་གྲོས་འགོ་སྒྲུབ་གཉེར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། མི་དམངས་རང་ཁྱིམ་རང་བདག་ལ་འགན་ལེན་བྱེད་པ་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། སྤྱི་ཡོངས་ཀྱི་ལས་དོན་དང་དེ་བས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་སྒྲུབ་གཉེར་གྱི་འགན་འཁྲི་དེ་བས་ནན་དུ་བཏང་ནས་སྒྲུབ་གཉེར་གྱི་ཕན་འབྲས་དངོས་ལ་དེ་བས་དམ་འཛིན་ནན་པོ་བྱེད་པ་དང་། གོ་རིམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲུབ་གཉེར་ལན་སྤྲོད་ལམ་སྲོལ་དོན་འཁྱོལ་བྱེད་པ། གཙོ་གནད་སྒྲུབ་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་དང་གྲུབ་འབྲས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ་དང་། གྲུབ་འབྲས་ཕྱོགས་སྒྱུར་ལ་སྣང་ཆེན་བྱེད་པ། སྒྲུབ་གཉེར་གྱི་གདེང་འཇོག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“ལན་འདེབས་རྣམ་པ”དེ“དོན་འཁྱོལ་རྣམ་པར”འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།