དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཁྲབ་གཞུང་གསར་རྩོམ་ལ་གཞི་ཚུགས་ཏེ་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་པ།

    ཟློས་གར་དར་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-04

    ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ་སོགས་སྡེ་ཚན་5ཡིས་མཉམ་འབྲེལ་ཐོག《ཟློས་གར་དར་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི(2026ནས་2028ལོ་བར)》(གཤམ་དུ“འཆར་གཞི”ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་གཞི་འཛིན་སར་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ལོ་གསུམ་རིང་ཟློས་གར་དར་རྒྱས་གཏོང་བའི་སྤྱིའི་བླང་བྱ་འཆར་གཞི་ལྟར་ཁ་གསལ་བཟོས་པ་སྟེ། ཟློས་གར་གསར་གཏོད་དང་གསར་རྩོམ་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། འཁྲབ་གཞུང་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དང་ཕུལ་བྱུང་གི་ཟློས་གར་བརྩམས་ཆོས་ཁག་གཅིག་འདོན་རྒྱུ། ཟློས་གར་ཤེས་ལྡན་པའི་དཔུང་ཁག་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་བཏང་སྟེ། གཞོན་ནུའི་སྣེ་ཁྲིད་ཤེས་ལྡན་པ་ཟམ་མི་ཆད་པར་ཐོན་པར་བྱ་རྒྱུ། ཅུང་འཐུས་སྒོ་ཚང་བའི་ཟློས་གར་གསར་རྩོམ་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་པར་བྱས་ཏེ། ལས་རིགས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་མི་ཆད་པར་ཆེ་རུ་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།