དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྗོངས་རྣམ་གཞུང་དོན་ཁང”གིས་སྦྲེལ་ཟམ་གྱི་ནུས་པ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཝེ་ཅན། ཡོན་ཐའོ་ཞུང་།   |     སྤེལ་དུས།  2026-03-03

    ཅང་སུའུ་ཁུན་ཧྲན་གྲོང་ཁྱེར་དུ“ལྗོངས་རྣམ་གཞུང་དོན་ཁང”ཞིག་ཡོད། དེས་ཡང་སྙིང་ལས་ཀ་ཅི་ཞིག་སྒྲུབ་ཀྱི་ཡོད་དམ།

    “ལྗོངས་རྣམ་གཞུང་དོན་ཁང”དེས་ལྗོངས་རྣམ་ལ་དམིགས་ཀྱི་ཡོད། ཁུན་ཧྲན་གྱི“ལྗོངས་རྣམ་གཞུང་དོན་ཁང”གི་ཀྲུའུ་རེན་ལུའུ་ཁྲུན་ཆིན་གྱིས“དེ་ནི་ཐོན་རྫས་ཀྱི་བཀོལ་སྤྱོད་བྱེད་ས་འཚོལ་བ་དང་ལྗོངས་རྣམ་ལ་ལག་རྩལ་འཚོལ་རྒྱུ་དེ་ཡིན”ཞེས་འགྲེལ་བཤད་བརྒྱབ།

    “དེ་རིང་ཁེ་ལས་ལ་ལྟ་བར་འགྲོ་དགོས་ཡོད། ང་ཚོ་མཉམ་དུ་ལྟ་བར་འགྲོ”ཞེས་ལུའུ་ཁྲུན་ཆིན་གྱིས་གསར་འགོད་པ་མཉམ་དུ་ས་ཆ་དངོས་སུ་རྒྱུས་ལོན་བྱེད་པར་ཁྲིད་བྱུང་།

    ཁེ་ལས་ལ་ལྟ་བར་འགྲོ་བ་དང་། ས་ཆ་དངོས་སུ་ཁེ་ལས་ཀྱི་དགོས་མཁོར་ཞིབ་འཇུག་བརྡར་གཅོད་དང་། ཐོན་རྫས་ཀྱི་ལག་རྩལ་སྦྲེལ་མཐུད་བཅས་ནི“ལྗོངས་རྣམ་གཞུང་དོན་ཁང”གི་རྒྱུན་གཏན་གྱི་ལས་ཀ་རེད།

    ཀུང་སིའི་བཀོད་འདོམས་ཚོམས་ཆེན་གྱི་ལྟ་ཞིབ་ཚད་ལེན་འཆར་ཤེལ་ནང་མངོན་པར། ལི་ཤུན་ཞིབ་ཚགས་བཟོ་ལས(ཁུན་ཧྲན)ཚད་ཡོད་ཀུང་སིའི་བཟོ་ཁང་གི་མཁའ་དབྱིངས་སུ་མི་མེད་གནམ་གྲུས་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ཡིའུ་དབྱིང་མི་མེད་གནམ་གྲུ་ཀུང་སིས་ཁོང་ཚོར་མི་མེད་གནམ་གྲུའི་སྐྱེལ་འདྲེན་ཞབས་འདེགས་ཞུ་གི་ཡོད་པས་སྐྱེལ་འདྲེན་གྱི་ལས་ཆོད་50%ཡན་མཐོ་རུ་ཕྱིན་པ་དང་། ཕྱོགས་བསྡུས་མ་གནས་60%ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།

    དེ་གོང་ཕྱོགས་གཅིག་ལ་དགོས་མཁོ་ཡོད་ཚེ་རིན་གོང་མཐོ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་ཐག་གཅོད་ཇུས་གཞི་དགོས་པ་དང་། ཕྱོགས་གཞན་ཞིག་ལ་ལག་རྩལ་ཡོད་ཀྱང་ར་སྤྲོད་ཐུབ་པ་དང་དོན་འཁྱོལ་ཐུབ་པའི་ལྗོངས་རྣམ་ཞིག་རྙེད་ཀྱི་མེད།

    ཕན་ཚུན་འབྲེལ་བ་བྱེད་མཁན་ནི“ལྗོངས་རྣམ་གཞུང་དོན་ཁང”རེད། ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་ཐིང་ཅུན་གྱིས། ད་ཐེངས་ཀྱི་མཉམ་ལས་ཀྱིས་ཀུང་སིའི་མཁའ་ལམ་སྐྲུན་པའི་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ལག་རྩལ་ཞབས་ཞུའི་གོ་སྐབས་དེ་བས་མང་པོ་རག་བྱུང་ཞེས་བརྗོད།

    ད་ཐེངས་ས་ཆ་དངོས་སུ་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད། ཐབས་ཤེས་གསར་པ་དེ་བས་མང་བ་ཤེས་བྱུང་། མི་མེད་གནམ་གྲུ་ཡིས་མེ་གནད་ལ་འཁེལ་པོས་གསོད་ཐུབ་པ་དང་། འཕྲུལ་ཁྱིར་མི་མེད་གནམ་གྲུ་ཆུང་གྲས་སྒྲིག་སྦྱོར་བྱས་པས་སྐོར་ཞིབ་སྔར་བས་ཞིབ་ཚགས་དང་གནད་ལ་འཁེལ་པོ་བྱུང་བ་སོགས་རེད།

    “ལོ་གཉིས་རིང་། ཁེ་ལས་དེ་བས་མང་བས་ལྗོངས་རྣམ་བཀོལ་སྤྱོད་དེ་འགག་རྩའི་གཞི་རྒྱུར་བརྩི་གི་ཡོད”ཁུན་ཧྲན་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཆན་ཞུས་ཏུང་གིས། ན་ནིང་ལོ་འགོར་དུས་བབ་གསར་པ་དང་འཚམ་པོ་ཡོང་ཆེད། ཁུན་ཧྲན་གྲོང་ཁྱེར་གྱིས“ལྗོངས་རྣམ་གཞུང་དོན་ཁང”བཙུགས་ཏེ“སྔོན་ལ་ཚོད་ལྟ་དང་སྔོན་ལ་ལས་དོན་བསྒྲུབས་ཡོད”ཅེས་ངོ་སྤྲོད་བྱས།

    ཁུན་ཧྲན་དུ་བཟོ་ལས་ཁེ་ལས་ཁྲི་3.5ལྷག་ཙམ་ཡོད་པ་དེ་དག་ནི་ལྗོངས་རྣམ་གཞུང་དོན་ཁང་གི་ཚོད་ལྟ་བྱ་ཡུལ་གལ་ཆེན་ཞིག་རེད། ཁུན་ཧྲན་ལྗོངས་རྣམ་གཞུང་དོན་ཁང་གིས་དབྱེ་འབྱེད་དང་བསྡུ་སྒྲིལ་བྱས་ཏེ་དགོས་མཁོའི་གསལ་ཐོ་དང་ནུས་པའི་གསལ་ཐོ་གྲུབ་པར་བྱས་ནས། དགོས་མཁོ་གསར་པར་བརྟེན་ནས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་གཏོད་རྒྱུ་རེད།

    2025ལོའི་ཟླ་11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྗོངས་རྣམ་སྐྱེད་སྲིང་དང་སྒོ་དབྱེ་མགྱོགས་སུ་བཏང་ནས་ལྗོངས་རྣམ་གསར་པ་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་རྗེས། ཁུན་ཧྲན“ལྗོངས་རྣམ་གཞུང་དོན་ཁང”གིས་སྡེ་ཚན་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དངོས་སུ་འཁོར་སྐྱོད་བྱས་ཤིང་། ཁུན་ཧྲན་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དུ་གཞུང་དོན་སྒྲུབ་ས་བཟོས་པ་དང་། འཕེལ་སྒྱུར་ཨུ་ལྷན་དང་། བཟོ་འཕྲིན། གྲངས་གཞི། ཚན་རྩལ། ཚོང་དོན། འགྲིམ་འགྲུལ་སོགས་སྡེ་ཚན་མང་པོའི་མི་སྣ་སྒྲིག་འཛུགས་ཀྱིས་ཆེད་ལས་ཚན་ཁག་བཙུགས་ནས། ཁེ་ལས་ཀྱི་ལག་རྩལ་མཁོ་སྤྲོད་དང་ལྗོངས་རྣམ་གྱི་དགོས་མཁོ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ། ལས་འགན་གསལ་ཐོ་གྲུབ་རྗེས་སྡེ་ཚན་གྱི་གྲོས་མོལ་སོགས་ཀྱི་ལམ་སྲོལ་བརྒྱུད་གོ་རིམ་བཞིན་ཐག་གཅོད་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།

    ལྗོངས་རྣམས་འཚོལ་དགོས་པ་མ་ཟད། ལྗོངས་རྣམ་དེ་བས་སྐྲུན་དགོས།

    2025ལོའི་ཟླ་10པར“ལྗོངས་རྣམ་གཞུང་དོན་ཁང”གི་མཐུན་སྦྱོར་འོག་ཁུན་ཧྲན་གྱིས་མཁའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་24ཙམ་ཡོད་པའི་མི་མེད་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་བསྐྲུན་ཡོད། འདི་ལོའི་ཟླ་2པར་རྟེན་གཞི་དེ་རུ་འགྲུལ་པ་10བླུགས་ཆོག་པའི“མཁའ་ཐོག་སྤྱི་སྤྱོད་རླངས་འཁོར”ཁྱབ་བསྒྲགས་བྱས་པ་དེ་ནི་ཧྥུང་ཧྥེ་མཁའ་འགྲུལ་ཚན་རྩལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་ཏུན་5རིམ་པའི་གློག་སྒུལ་དྲང་འཕྱང་འཕུར་འབབ་མཁའ་འགྲུལ་ཡོ་ཆས་ཐོག་མ་དེ་ཡིན་པ་རེད།

    མིག་སྔའི་བར། ཁུན་ཧྲན་གྱི“ལྗོངས་རྣམ་གཞུང་དོན་ཁང”གིས་ལྗོངས་རྣམ་ཁག་300ལྷག་ཙམ་ཁྱབ་བསྒྲགས་བྱས་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་78དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། ད་ལོར་སྔོན་དཔག་བྱས་ན་ཉེར་སྤྱོད་ལྗོངས་རྣམ་གསར་པ་500བསྐྲུན་ནས་ལག་རྩལ་དང་ཐོན་ལས་དང་། ཞིབ་སྤེལ་དང་ཁྲོམ་རར་འབྲེལ་ཟམ་དེ་བས་མང་བ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།