དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བློ་མཐུན་ལི་ཤིས་མིང་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲའོ་ལེ་ཅི་ཞུགས་པ།   |     སྤེལ་དུས།  2026-03-03

    ཟླ་2ཚེས་28ཉིན། བློ་མཐུན་ལི་ཤིས་མིང་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ། ཚོགས་འདུ་མ་འཚོག་གོང་བློ་མཐུན་ལི་ཤིས་མིང་གི་གཉེན་ཉེ་དང་མཇལ་འཕྲད་ཀྱང་གནང་བ་རེད།

    བློ་མཐུན་ལི་ཤིས་མིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཚོད་བགམ་ཐེག་ཐུབ་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་ཏང་གི་ལས་དོན་གྱི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གུང་པེ་ཅིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་བཅས་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལི་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ལི་ཤིས་མིང་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་གང་པོར་དྲན་གསོ་ཞུས་ཤིང་། ཁོང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་དད་སེམས་ཆེན་པོ་འཆང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། དངོས་སྒྲུབ་འགན་འཁུར། གསར་འབྱེད་ཡར་བརྩོན་བཅས་ཀྱི་འབད་འཐབ་སྙིང་སྟོབས་དང་། མི་དམངས་གོང་དུ་བཀུར་བ་དང་མང་ཚོགས་ལ་སེམས་ཁུར་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས། རང་གཅུན་ནན་པོ་དང་གཞུང་ཞེན་རྣམ་དག་གི་སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ནས། གདེང་ཚོད་བརྟན་དུ་གཏོང་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།