ཀྲུང་གོ——ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བརྗེ་ཚབ་རང་བཞིན་གྱི་ནད་རིགས་མཉམ་ལས་ལྟེ་གནས་ཧྲང་ཧའེ་རུ་སྒོ་བྱང་བཀལ་བ།

ཉེ་ཆར། ཀྲུང་གོ——ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བརྗེ་ཚབ་རང་བཞིན་གྱི་ནད་རིགས་མཉམ་ལས་ལྟེ་གནས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་རུའེ་ཅིན་སྨན་ཁང་དུ་བཙུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་འདི་ནི་ཧྲང་ཧའེ་ཡིས་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་རིམ་པའི་ཧྲང་ཧའེ་རྩ་འཛུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་མཉམ་ལས་ལས་སྟེགས་ཐོག་མ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཧྲང་ཧའེ་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བརྗེ་ཚབ་རང་བཞིན་གྱི་ནད་རིགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་ཁག་གི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་རེད། འདི་ནི་ཀྲུང་གོ——ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བརྗེ་ཚབ་རང་བཞིན་གྱི་ནད་རིགས་མཉམ་ལས་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་མ་འཚོགས་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཧྥུའུ(མདུན་གྱི་དཀྱིལ)ཡིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་པི་ཡུས་ཧྥང(མདུན་གྱི་གཡོན)གིས་ངོ་སྤྲོད་བྱས་པའི་འབྲེལ་ཡོད་གསོ་རིག་གི་གྲུབ་འབྲས་ཉན་བཞིན་པ།
འབྲེལ་ཡོད་གསར་འགྱུར།